R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༦༣
[A:༢༦༣]རྣོན་པོ། །རྙོག་མའི་ཡིད་ལས་སྐྱེས་གྱུར་ཏེ། །ཤཱཀྱ་མུ་ནིའི་སྐུ་ཡི་རྒྱུར། །བརྟག་པའི་ངན་སེམས་
ཀྱི་
ཁྲག་ཕྱུངས་
པ་བཞིན་བྱས་
ལ། །དགེ་འདུན་རྣམས་ཀྱི་འཚོ་བའི་ཟས། །དམའ་བར་ཕབ་པས་ཁྱུ་མཆོག་ཉམས། །དེ་ལྟར་བར་དུ་གཅོད་འཇུག་པའི། །བུ་ག་རང་གི་དབང་པོ་ཡིས། །མཐོང་བ་མིན་པས་གོ་སྐབས་བྱིན་
ཏེ་ལྷ་འདྲེ་རྣམས་ཀྱིས་རྒྱལ་པོ་དང་ནང་བློན་གྱི་བར་དུ་ཕྲ་མ་བཅུག་པས
། །རྒྱལ་པོ་དེ་ཉིད་བློན་གྱིས་བསད། །འདའ་ཁར་ང་ཡི་སྲོག་འཕྲོག་བྱེད། །རྒྱུ་དང་བཅས་པ་འཇོམས་ནུས་པའི་
རྒྱལ་པོ་ཞིག་ཏུ་སྐྱེ་བར་གྱུར་ཅིག་ཅེས
། །སྨོན་ལམ་བདེན་པའི་སྟོབས་སུ་དིང༌། །སྐྱེས་པ་
རྒྱལ་པོ་
གོ་དན་འདི་ཡིན་ལ། །དེ་ཡི་ཐུབ་ཆོད་ཤིན་ཏུ་ཆེ་
བའི་སྤྱོད་པས་བྱང་ངོས་འདིར་འོངས་ཏེ་ངེད་ཀྱི་གནས་ཆུ་དང་འདམ་རྫབ་སོགས་ཀྱི་སྟེང་དུ་རྟ་རྒྱུག་པ་དང་གསོད་པ་དང་ཁྲག་དབྱུང་བ་སོགས
། །མ་རུངས་དྲག་པོའི་མཁའ་ལྡིང་གིས། །བསྣུན་བཞིན་ངེད་རྣམས་སྣང་བ་དང༌། །མཐར་བྱེད་ཁ་རུ་བཏབ་པ་མང༌། །འཆི་བ་ཞེས་པའི་སྒྲ་ཆེན་པོའི། །འཇིགས་པ་དེ་ཡི་གཙུག་ཕུད་ཅན། །རྩེ་ཞིང་འགྲོ་ལ་གར་གྱི་སྟབས། །བསྒྱུར་
འཆི་བ་དང་རྨ་བྱས་སྦྱར་བས་སྦྱར་རྒྱན་
བའི་རེས་ཀྱིས་ཉེ་བར་བཅར། །
ད་ནི་གོ་དན་
རྒྱལ་པོ་དེ་དང་ངེད་ཀྱི་རྗེ། །དུས་འཛིན་བདག་པོས་སྲང་གཞལ་ཚེ། །ལྕི་དང་ཡང་མེད་ལྷན་ཅིག་ཏུ། །འཚོ་འཆི་མཉམ་པ་ཉིད་དུ་འགྱུར་
ཏེ་ངེད་ཀྱི་རྗེ་བོ་ཤི་ ན་གོ་དན་ཡང་འཆི་སོས་ན་གོ་དན་ཡང་སོས་པས
། །དེ་ཕྱིར་འཁོར་བའི་ངང་ཚུལ་འབད་རྩོལ་ཆུང་ངུས་ཟ་བའི་ནད། །འཇིགས་རུང་འཕྲོག་པར་དཀའ་བའི་སྡུག་བསྔལ་གྱིས་གཟིར་ཀུན་གྱི་ མ། །ཉེས་པའི་དྲི་མ་མཐའ་དག་གདོན་ལ་མཁས་པའི་མགོན་པོ་ཀྱེ་
ཞེས་བོད་ནས
། །
ད་ནི་
རེ་བའི་རྩ་བ་ཁྱོད་ལ་བཙུགས་སོ་གཟིགས་ཤིག་སྙིང་རྗེའི་གཏེར་
ཞེས་པ་དེ་སྐད
། །བརྗོད་དེ་དེ་ཡི་ལུས་ནི་སྐབས་གསུམ་པའི། །བདག་པོའི་གཞུ་བཞིན་དལ་གྱིས་རང་ཡལ་དུ། །སོང་ལ་དམ་པའི་ཀུན་རྟོག་བརྩེ་བ་ཡིས། །བརླན་པའི་བློ་གྲོས་གཞལ་མེད་ཅི་ཡང་ཟབ། །ས་འོག་གདོན་གྱི་ལག་ལྡན་མྱོས་པ་ལ། །མི་འཇིགས་པ་ཡི་དབུགས་འབྱིན་ཁྱད་པར་དུ། །འཕགས་པ་ཐུགས་རྗེ་ཆེན་པོའི་སྐུར་བཞེངས་ཏེ། །བསྙེངས་བྲལ་སེང་གེའི་ང་རོ་བསྒྲགས་པ་
སྟེ་འཕགས་པ་སེང་གེ་སྒྲ་ཡི་ཆོ་ག་མཛད་པ་