[A:༡༤༦]སྦྱར་བས་ན་སྦྱར་རྒྱན
། །གཞོན་ནུར་གྱུར་ཀྱང་ཆོས་རྣམས་མངོན་སུམ་དུ། །རྟོགས་པའི་འཕགས་པ་
ཆེན་པོའི་
ས་ཡང་རང་གི་རྟོགས་པ་
དེ་ཙམ་དུ། །དགོངས་ཏེ་གྲུབ་པའི་གྲོང་ཁྱེར་མ་ག་དྷར། །མྱང་འདས་ཞི་བ་ཆེན་པོའི་དབྱིངས་སུ་འཛེགས་ཏེ་གཤེགས
། །ས་ཆེན་གྱི་ཇོ་མོ་ཆེ་བ་མ་གཅིག་འོད་སྒྲོན་ལ་སྲས་གསུམ་འཁྲུངས་པའི་དང་པོ་ཆུ་ཕོ་ཁྱི་ལོ་པ་
བསོད་ནམས་བྱས་པ་དེ་ལས་ཕ་རོལ་ཏུ། །ཕྱིན་དྲུག་གི་རྩེ་མོར་སོན་པ་གདོང་སེང་གེ་
ལྔ་པའི། །ཞལ་སྐྱེས་ཏེ་ཁ་ལས་འབབ་ཅིང་
རྡོ་རྗེའི་རང་བཞིན་གྱི་བྱེ་མ་འདྲེན་པ་ཆུ་བོ་
སི་ཏཱའི་ཤུགས། །འཁྲུལ་པ་མ་ལུས་འཇིག་པའི་སྒྲ་དང་
ལྡན་པའི
། །རྗེ་བཙུན་བསོད་ནམས་རྩེ་མོ་དེས་
སངས་རྒྱས་འཇིག་རྟེན་དུ་
བྱོན་པའི་གསུང་གི་
ཐོག་མར། །དོ་ཟླ་མཛད་པ་
བཞིན་དུ་སྐུ་
བལྟམས་མ་ཐག་པར་ང་ནི
། །བྱིས་པའི་སྤྱོད་ཡུལ་
ལས་འདས་ཞེས་ཞབས་ཟུང་དག །རྡོ་རྗེའི་མདུད་པ་སྟེ་སྐྱིལ་ཀྲུང་མཛད་པ་
ལ་སེམས་ལྡན་སུ་ཞིག་
མི་དད་དེ་མངོན་པར་དད་དོ
། །བླ་མ་འདིའི་སྐུའི་སྐྱེ་བ་སྔ་མ་རྣམས་ནི་རྒྱ་གར་གྱི་ཡུལ་དུ་ལུང་རིགས་གང་ལ་ཡང་
གཞན་གྱིས་མི་ཐུབ་པས་ན་
མི་ཐུབ་ཟླ་བ་སོགས་པཎྜི་ཏའི་སྐྱེ་བ་བཅུ་གཅིག་བར་མ་ཆད་དུ་བརྒྱུད་པ་
འཕགས་པའི་ཡུལ་ན་ཡང༌། །ཤིན་ཏུ་
མཁས་པ་ཟླ་བ་ལྟར་དཀར་བའི་
གྲགས་པ་དེ་
ཡིས། །ཁམས་གསུམ་མ་ལུས་སྙན་པར་སྤུད་པའམ་བརྒྱན་པ་
ཅན་དེའི
། །ཡང་དག་པའི་
སྐྱེ་བ་དམ་པའི་མཛོད་འཛིན་པ། །དེ་ལྟའི་ཡོངས་འཛིན་གྱི་
བསྐལ་པ་འཇིག་རྟེན་
འདི་ན་བཟང་པོའི་འཛུམ། །ལེགས་པར་བསྟན་པ་སྟེ་འཇམ་དཔལ་གྱི་སྤྲུལ་པ་མཁན་པོ་བསོད་ནམས་རྩེ་མོ་རྡོ་རྗེ་ཐེག་པ་མཐའ་དག་གི་དབང་ཕྱུག་དམ་པ་ས་སྐྱར་འཁྲུངས་སོ། །
ཞེས་རྡོ་རྗེ་གདན་གྱི་སྒོར། །ཌཱ་ཀི་མ་མཁའ་འགྲོའི་
དཔལ་མོ་
རྣམས་ཀྱིས་གཏམ་སྙན་པོའི། །ཡི་གེར་བྲིས་པ
འི་རྔ་ཆེན་སྙན་གྲགས་ཀྱི་
བརྡུངས་པས་སྲིད་གསུམ་ཁྱབ་པར་འགྱུར་རོ
། །གཞན་དག་
ང་རྒྱལ་གྱི་རི་བོ་
འབིགས་བྱེད་མཁའ་ལ་སྙེག་པ་དེ་ཉིད་
མི་གཡོ་བར་འགོད་པའི་
ས་ལ་ནི། །འཆད་རྩོད་རྩོམ་པའི་
མཁས་ཚུལ་གསུམ་དུ་བསྟན་ཁྱོད་སྲིད་པ་ན། །བུམ་པ་སྐྱེས་ནི་རི་བྱི་སྟེ། འདི་ཉིད་སྔོན་དྲང་སྲོང་ཆུ་ལྷ་ཞེས་བྱ་བས་ལྷ་མོ་ཨུརྦ་ཤཱི་མཐོང་བ་ལས་ཁུ་བ་ཤོར་བ་བུམ་པར་བླུགས་པ་དེ་ལས་འདི་སྐྱེས་པས་བུམ་པ་སྐྱེས་ཀུམྦྷ་སམྦྷ་བ་ཞེས་གྲགས་ལ། དེས་མཐོང་བའི་ཆུ་ཐམས་ཅད་དུག་མེད་དུ་འགྱུར་བར་བཤད་པའི་
བུམ་པ་བཟང་པོར་སྐྱེས་ཁྱོད་ནི་
ཤེས་བྱ་ཡི། །བློ་ངན་
མ་དག་དྲི་མ་མཐའ་དག་
སྦྱོང་བ་ལ་
ཚད་མར་གྲགས་པའོ
། །གྲུ་འཛིན་དཔལ་གྱི་རི་བོ་དང་
ཨཽཌྱན་སོགས་སུ་དཔའ་བོ་དང་མཁའ་འགྲོའི་ཚོགས་དཔོན་ལ་བྱོན་ནས
། །གདུགས་ཉི་མ་
ཕྱེད་