R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༦༤
[A:༢༦༤]ན། །ས་སྟེང་ས་འོག་དག་ལ་དབང་ཕྱུག་པའི། །རྒྱལ་པོ་མི་དང་མི་མིན་རྣམ་པ་གཉིས། །ནད་དང་འཆི་བ་དྲོས་པར་གྱུར་ལ་སྲོག །མི་ཤིགས་རྡོ་རྗེའི་བྱུགས་པས་བརྟེན་པ་བརྟས། །དེ་ལ་དད་པའི་རྒྱལ་པོ་
གོ་དན་དེ་ཉིད་
སྡིག་དང་བྲལ། །ཡང་དག་རིག་པ་མྱོང་བའི་ས་ཆེན་པོ། །བཟོད་པའི་ཕ་རོལ་མཐོང་བའི་མིག་གི་ཟུར། །རྣམ་པར་རྫོགས་པའི་དོན་ལ་སྤྲོ་བ་སྐྱེས། །བྱང་ཆུབ་མཆོག་གི་སྡུ་གུ་རྣམ་དག་མའི། །རེག་བྱ་ཟག་པ་མེད་པའི་ཐེག་ཆེན་གྱི། །ལོངས་ལ་སྤྱོད་པའི་ཡུལ་དུ་མངོན་པར་སེམས། །རང་བཞིན་འོད་དུ་གསལ་བ་ཡོངས་སུ་བསྐྱེད་
ནས
། །ཆུ་སྲིན་རྒྱལ་མཚན་ཅན་གྱི་དཔུང་ཕམ་པའི། །རྒྱལ་ཐབས་འཇིག་རྟེན་གསུམ་གྱིས་མཆོད་པའི་བཀའ། །ཚད་མ་བསླུ་མེད་ཟབ་དང་རྒྱ་ཆེ་བ། །བསྟན་ཏེ་མི་གཡོའི་གོ་འཕང་མཐོན་པོར་ཁྲིད། །དུས་དེར་ཡེ་ཤེས་གཙང་མའི་ཨཱ་དརྴ་
མེ་ལོང་
། །བལྟ་འདོད་རི་བོ་རྩེ་ལྔར་ཆས་པ་མང༌། །རྨི་ལམ་ཁམས་ལ་རི་མོ་གཅིག་པ་རུ། །
ཁྱེད་རྣམས་ཀྱི་དོན་དུ་
གཉེར་བྱའི་མགོན་པོ་
འཇམ་པའི་དབྱངས་དེ་ནི་ད་ལྟ་རི་བོ་རྩེ་ལྔ་ན་མི་བཞུགས། བྱང་ངོས་
ལིང་ཆུ་རྩེར་བཞུགས་ཞེས་
ཟེར་བ་རྨིས་པ་དང་
། །དེར་སོང་བ་ན་
མི་རྣམས་ཀྱིས་བདག་ཉིད་ཆེན་པོ་དེ་
འཇམ་པའི་དབྱངས་དངོས་སུ། །ངེས་པའི་གསུང་གི་དབྱར་ལས་སྐྱེས་པའི་རྔ། །ཐོས་མ་ཐག་ཏུ་སྐལ་བཟང་མདོངས་མཐའ་ཅན། །མཆོག་གི་དངོས་པོའི་མངལ་
རྨ་བྱས་འབྲུག་སྒྲ་ཐོས་པ་ན་དགའ་བ་སྐྱེ་བར་མ་ཟད་མངལ་འཛིན་པར་མདོ་མྱང་འདས་ལས་བཤད་དོ། །
གྱིས་
གཟུགས་ཅན་གྱི་རྒྱན་
ཤིན་ཏུ་ལྕི། །རིས་སུ་མེད་པའི་ས་ཧ་ཀ་ར་ཡིས། །ཀུན་ལ་ཕན་པ་སྣ་ཚོགས་སྒྲུབ་པའི་དཔལ། །སྟུག་པོར་སྦྱིན་པའི་དྲི་བཟང་ཚོགས་རྒྱས་པས། །ཕྱོགས་རྣམས་རྫོགས་པའི་ཁོར་ཡུག་ཡངས་པ་འགེངས། །རིགས་དང་སྐད་ཀྱི་དབྱེ་བ་བགྲང་ཡས་པའི། །གདུལ་བྱའི་ཁམས་དང་དབང་པོ་བག་ཉལ་ལ། །ཉེ་བར་འཚམས་པ་དུས་ལས་ཡོལ་བ་མེད། །དགེ་བའི་ཕྱོགས་སུ་འབྲས་བུས་རྒུ་བ་ཅན། །ས་ལ་རྩོད་པ་མེད་པའི་རྫོགས་ལྡན་ཆེའི། །དཔལ་ཀྱི་རྐང་པ་གཡུང་དྲུང་འཁྱིལ་བའི་མཛོད། །གཡས་སུ་འཁོར་བའི་ཤེས་པ་ཆེན་པོ་དེ། །སྦྱིན་པའི་ཕྱག་ཡངས་འདོད་འཇོའི་རྫིང་དུ་རིང། །བདེ་གཤེགས་སྙིང་པོས་ཀུན་ལ་ཁྱབ་པའི་