R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༦༥
[A:༢༦༥]དཔྱ། །གཅིག་ཏུ་སྡུད་པའི་ཆོས་ཀྱི་རྒྱལ་སྲིད་ཆེ། །འཆི་མེད་ལམ་དང་མཉམ་པའི་ཚད་ལྡན་པར། །དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར། །རྒྱ་ཆེན་ས་ཡི་ལག་དཔྱ་འཛིན་པ་
གོ་དན་རྒྱལ་པོ་
དེའི། །གཡར་གྱི་ཁྲལ་དང་
གཡུལ་ངོར་བཤམས་པའི་
དྲག་པོའི་རུ་མཚོན་ཆེ
ན་པོ
། །
བོད་
གངས་རིའི་ཁྲོད་འདིར་འཕྱར་བར་མི་བགྱིད་པའི། །འཇིགས་པ་གཉིས་ལས་ཐར་པའི་གླིང་དུ་མཛད། །བྱང་ཆེན་སྤྱོད་པའི་ལམ་ལ་རབ་ཞུགས་ནས། །ཐུབ་པའི་དགོངས་དོན་མ་ལུས་གསལ་བའི་གཏེར། །རྡུལ་བྲལ་མཐར་ཕྱིན་ཞི་བའི་སྒོ་འཕར་བརྒྱ། །ལེགས་པར་ཕྱེ་བའི་མི་ཟད་ཆོས་སྐྱེས་དང༌། །དེ་བཞིན་ཕོངས་དང་སློང་བ་མེད་པའི་ཕྱིར། །གང་གི་ངང་ཚུལ་དཔག་བསམ་རྐང་འཐུང་སྐྱེས། །སྦྱིན་པའི་ཡལ་གས་བརྡུངས་པའི་ཕུལ་བྱུང་རྔ། །སྙན་པའི་འབྲས་བུ་འདོད་པའི་ཚང་དུ་བྱོ། །སྟོང་པ་ཉིད་སྨྲའི་བདེན་པ་དེ་དང་
གོ་དན་
རྒྱལ་པོའི་བཀའ་ཡི་གསེར་རི་དེ། །ནམ་མཁའ་སྐྱེ་མེད་མཚན་ལྡན་དེ་དང་གཟུགས་མེད་ཁམས་ཀྱི་གཙུག་ན་ཡང༌། །མཐོན་པོར་འཕགས་པའི་ངལ་གསོ་བརྟེན་ན་གཟུགས་ཅན་རྣམས་ལ་སྨོས་ཅི་དགོས། །དེ་ཕྱིར་འཇིག་རྟེན་འཇིག་རྟེན་འདས་པའི་མགོན་པོས་འགྲོ་རྣམས་རྗེས་གཟུང་ངོ༌། །འཇམ་དབྱངས་མིའི་སྲིད་པ་འཛིན་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བསྐལ་པ་བཟང་པོའི་ལེགས་ལམ་ལས། ཧོར་གྱི་རྒྱལ་པོ་རྒྱལ་ཁམས་དང་བཅས་པ་རྟག་པར་དམ་པའི་ཆོས་ལ་བཀོད་པའི་སརྒ་དེ་བཅུ་པའོ།། །།གོང་ན་མེད་པའི་གནས་སུ་ཡང་དག་སྣང་བའི་ཙམ་པ་ཀ་འོག་ཏུ། །སེམས་ཅན་མྱ་ངན་འདས་པའི་སྦྲང་རྩི་བརྟུལ་ཞུགས་འཛིན་པའི་ས་ལ་བཀོད། །འཛམ་གླིང་ཉིན་མོར་བྱེད་པའི་ཆོ་ག་རྫོགས་པའི་རིས་མེད་འོད་ཟེར་ཅན། །འཆར་ནུབ་སྤངས་ཀྱང་སྣ་ཚོགས་འཕྲུལ་པའི་མིག་ཅན་རྣམ་ལ་ཅིར་ཡང་སྟོན། །འཇིག་རྟེན་གསུམ་གྱིས་མཆོད་པའི་གཙོ་བོས་འདིར། །སོ་སོར་རྟོགས་པ་ཆེན་པོའི་ཕ་རོལ་ཏུ། །ཕྱིན་པའི་བྱ་བ་ཡོངས་སུ་གྲུབ་པ་