[A:༢༦༦]ཡི། །སྤྱན་གྱི་འཛུམས་པ་མངོན་པར་དལ་བ་ལས། །ལུས་སུ་མེད་པ་བཞི་ཡི་གཡུལ་ངོ་རུ། །བརྟན་པ་མཐའ་དང་བྲལ་བའི་སྙིང་སྟོབས་ཆེ། །སྲིད་པའི་འཇིགས་ལས་རབ་གྲོལ་ཡེ་ཤེས་ཀྱི། །རང་བཞིན་ལུས་མངོན་འདུས་མ་བྱས་ལ་སྤྲོ། །དག་པ་རིན་ཆེན་གཞལ་མེད་ཁང་ནང་དུ། །བདེ་བར་གཤེགས་པའི་ཕོ་ཉ་བཞིན་དུ་བཀའ། །མི་འགྱུར་གསེར་གྱི་པདྨ་ལོ་གཅིག་གི །སྔོན་ནས་ཐོས་པ་འཛིན་པའི་ལམ་དུ་བསྐྲུན། །གཅིག་ཏུ་མ་ཡིན་ཀུན་ལ་མཉམ་ཉིད་དུ། དོན་གཉིས་རྫོགས་པའི་རིམ་པ་འཛིན་པ་ཅན། །སྡིག་པའི་སྤྱོད་ལས་འགལ་
ཏེ་ལྕགས་མོ་ཕག་
བྱེད་ལོར་བོད་པ། །དེ་ལ་ལྟད་མོའི་ཟླ་བ་ཞེས་པ་ཐ་སྐར་གྱི་ཟླ་བ་
ཤར་བའི་ཚེས་བརྒྱད་ལ་བབ་པ་
ན། །འཁོར་བ་ཐོག་མ་མེད་པའི་རྒྱ་མཚོ་ཡི། །སྙིང་ལས་བདུད་རྩི་གཏོང་བའི་སྡུག་བསྔལ་ཞིག །ས་སྟེངས་འདི་ཡིས་བཟོད་པར་ཡང་དཀའ་བ། །ཉམས་སུ་མྱོང་བ་དྲན་པས་འཇིགས་བཞིན་འདར་བ་བཞིན་དུ་ས་གཡོས་ཆེན་པོ་བྱུང་ངོ་
། །རྒྱུ་སྐར་མཆི་མའི་ཐིགས་པ་མང་པོ་རུ། །ལྟུང་བའི་མཁའ་ནི་མི་རུང་ངུད་མོའི་དབྱངས། །ཕྱོགས་ཀྱི་བུ་མོའི་འགྲམ་པར་ཟློས་པ་ཡི། །སྒྲ་བརྙན་ཡོངས་སུ་འཛེར་བའི་ཆོ་ངེས་བཀང༌། །དེ་ལ་སྩོགས་པ་ལྟས་ཆེན་བཅོ་བརྒྱད་ཉིད། །བྱེད་པོའི་བློ་ཡང་སུམ་ཉིས་འགོག་པ་བྱུང༌། །དུས་སུ་མིན་པའི་མཚན་མ་འཁྲུག་འདི་ཅི། །རིམ་གྲོ་པ་ཡི་མཆོག་བི་ཇི་རིན་ཆེན་གྲགས་
དེས་ཞུས་པ་ན། །བཀའ་སྩལ་པ་
བྱང་ཆུབ་སེམས་དཔའ་ཆེ་རྣམས་གཞན་དོན་དུ། །མངོན་པར་ཕྱོགས་པའི་ལྟས་དེ་བཞིན་བཟང་དག་ཅེས་བོད་པར་མཛད་ནས
། །ད་ནི་ཡུན་
རིང་བ་མིན་པར་བདག་ཉིད་ཞིང་ཁམས་གཞན་དུ་
འགྲོ་བས་ན། །ངེས་པ་འདི་ཡིས་རྙེད་པར་འཚལ་ལོ་གསུངས། །གཞོམ་དུ་མེད་པའི་རྡོ་རྗེ་རྣམ་པར་གསུམ། །གྲུབ་པ་མི་ཟད་རྒྱན་གྱི་འཁོར་ལོ་ལ། །སྲིད་པའི་རིམས་ཀྱིས་སྦགས་པ་རྫུན་པོ་ཆེ། །རྣམ་པར་རྟོག་པས་བསླད་རྣམས་དབང་དུ་བསྟན། །སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་དུ་ཤར་ནས། །རྡོ་རྗེ་སེམས་དཔའི་དངོས་གྲུབ་ཀུན་བཞུགས་སར། །ལྷ་དང་བླ་མའི་འདུས་ཞལ་མི་འབྱེད་པའི། །རྒྱུ་མེད་གཉེན་གྱི་དངོས་པོར་གྱུར་པ་