R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༦༧
[A:༢༦༧]ལས། །བསྙུང་གསོལ་སླད་དུ་དེ་དག་སྤྲིན་ལྟ་བུར། །གཏིབས་པའི་ལྗགས་ཀྱི་གློག་རབ་འགྱུ་བ་ཡི། །སྒེག་པས་དམར་བ་མཆོག་གི་འབབ་སྟེགས་ལས། །བདུད་རྩིའི་ཆར་དུ་ཆེ་བ་འགྲན་བཞིན་དུ། །འཕགས་པ་སྐྱོན་མེད་འཛུམ་པའི་ཞི་བ་ལྷས། །སེམས་དཔའ་ཆེའང་སྤྲུལ་པའི་ཉེ་བར་ལེན། །ཕུང་པོ་འདི་ལ་དཀར་ནག་འདྲེན་མ་ཡི། །ལས་རྣམས་ཕྲེང་བ་བཞིན་དུ་བཏགས་པར་གསུངས། །མཐའ་བྲལ་ལྟ་བའི་མགོན་པོ་ཀླུ་སྒྲུབ་ཀྱིས། །འདུས་བྱས་བཤེས་མོ་སྒྱུ་མའི་མེ་ལོང་དུ། །གཏོད་བྱེད་མེད་པའི་རྣམ་པར་སྣང་བ་གང༌། །མི་རྟག་ངོ་བོ་ཉིད་དུ་རྟོགས་པར་མཛད། །གཉིས་སུ་མ་ཡིན་རང་གི་སྤྲུལ་པའི་གཞི། །འཇམ་པའི་དབྱངས་སུ་སྙན་པའི་གྲགས་ཆེན་དེས། །
ཁྱེད་ཀྱི་
ཚེ་རབས་ཕྲེང་བ་ཀུན་ཏུ་ལྷག་པའི་ལྷར། །འབྲལ་བ་མེད་པའི་ཞལ་གྱིས་རྣམ་པར་འཆེས། །རྡོ་རྗེ་ཟླ་བ་དག་པའི་སྙིང་པོ་ཀུན། །འཐུངས་དོན་གསལ་བའི་དྲི་མེད་འོད་དཀར་གྱིས། །ཕྱག་ན་པདྨ་སྔོན་མེད་བཞད་པ་ཅན་
སྤྱན་རས་གཟིགས་དབང་ཕྱུག་གིས
། །རེག་པས་བསིལ་བའི་མཚན་ཉིད་ཡོངས་མ་བཏང༌། །གདོད་ནས་ལས་ཉོན་དགྲ་མངོན་བཅོམ་པ་ལ། །ཉེར་མཁོ་མེད་ཀྱང་འཁོར་བ་འཇིག་པ་ཡི། །ལང་ཚོའི་དཔལ་མོ་ཆོས་ཀྱི་དབྱིངས་སྟེར་བ། །བདེ་བར་གཤེགས་པའི་མ་གཅིག་དེ་ཡིས་མཛའ། །མི་འཇིགས་བདེ་ཆེན་རྒྱས་པའི་དགའ་ལྡན་གྱི། །བདག་པོ་མི་ཕམ་རྣམ་པར་རྒྱལ་བ་ཡིས། །བྱེ་བ་ཁྲག་ཁྲིག་ཏིང་འཛིན་གཡོ་མེད་སྒོ། །ལེགས་པར་ཕྱེ་བའི་སར་མངོན་གཞག་སྩལ་ཏོ། །ཟག་པ་མེད་པའི་ཞེ་སྡང་མེ་ལྕེ་ལ། །བདུད་རྣམས་ཕྱེ་མ་ལྷེབ་ལྟར་ལྕེབ་པ་ཡི། །བར་དུ་གཅོད་པའི་མིང་གིས་དབུལ་བྱེད་པའི། །དོན་ལས་མི་གཡོ་མགོན་པོས་རྗེས་སུ་གཟུང༌། །སངས་རྒྱས་ཀུན་གྱི་མཛོད་འདི་ལ། །གནས་པ་མཆོག་གི་རིན་ཆེན་ཚོགས། །རབ་དགའ་ལྡན་པའི་ལྷ་ཐམས་ཅད། །ལན་གཅིག་མིན་པའི་གཟིགས་པ་བརྟེན། །ནག་པོའི་ཕྱོགས་རྣམས་ཐ་མར་དབྱུང་བའི་ཚེས། །ཉེར་དགུའི་མཚན་མོའི་རྩེ་དགའ་རྣམ་དག་མ། །ཞི་