R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༦༨
[A:༢༦༨]བར་གཞོལ་བའི་
སྦྱར་རྒྱན་
རྐེད་པ་
སྟེ་ནམ་ཕྱེད་
ཀུན་གསལ་དང༌། །དབྱེར་མེད་ཕྱག་རྒྱ་གཅིག་ཏུ་བཅིངས་པའི་དུས། །དེ་བཞིན་གཤེགས་པ་སྒྲ་དབྱངས་མི་ཟད་པའི། རྒྱལ་པོ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པས། །ཟབ་མོ་སྟོང་པ་ཉིད་ཀྱི་དོན་ཐམས་ཅད། །ཡེ་ཤེས་སྒྱུ་མའི་རང་མཚན་བཞིན་དུ་བསྟན། །
ཡང་ཉེར་དགུ་
དེ་ཡི་ཐོ་རངས་སྤྱན་རས་གཟིགས་དབང་ཕྱུག །བཅུ་གཅིག་ཞལ་གྱི་ལུང་ལས་བྱང་ཆུབ་པའི། །མཆོག་ཏུ་སེམས་བསྐྱེད་པ་ཡི་ཡུལ་ཇི་བཞིན། །མངོན་སུམ་གྲུབ་པ་ཆེན་པོའི་རོ་ཡིས་བདའ། །
ཡང་
ཡོན་ཏན་དཔག་ཏུ་མེད་པས་གནམ་གང་བའི། །སྔ་དྲོར་བརྟན་པའི་འཁོར་ལོ་གཟི་བརྗིད་གཏེར། །བདེན་དོན་བཅུ་གཉིས་བདག་པོའི་ཞལ་ཕྱེ་སྟེ། །མུན་པའི་ངང་ཚུལ་དྲ་བ་མ་ལུས་བཅད་
འཇམ་དབྱངས་དང་ཉི་མ་གཉིས་ལ་སྦྱར་བས་སྦྱར་རྒྱན
། །གླུ་དབྱངས་ཟླ་བ་
སྟེ་སྨིན་དྲུག་ཟླ་བ་
ཡར་ངོའི་བཅུ་གསུམ་ཁྲིར། །རྒྱལ་བའི་ཏོག་གཅིག་ཉི་མ་བརྒྱའི་སྣང་བ། །འགྱེད་པོའི་མགོན་པོ་འགྲོ་ལ་བསིལ་སྦྱིན་
མི་འོས་པའི་
རྒྱུའི་རྒྱན་དུ། །ཟླ་བ་འབུམ་ལས་ལྷག་པའི་བཅོམ་ལྡན་འདས། །ཤཱཀྱ་སེང་གེར་རིགས་ཅན་རྣམ་གསུམ་གྱི། །འཁོར་གྱི་དཀྱིལ་འཁོར་ཆེ་བས་མཁའ་གཞལ་ལ། །མཁའ་ཡང་དེ་ཡི་རྗེས་སུ་
ཕན་ཚུན་དཔེ་རྒྱན་
སོང་བའི་མཐའ། །ཚད་དུ་མེད་པ་མཉམ་པའི་ཚོགས་དབུས་ནས། །བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྒྱུར་བའི་བཀའ་
སྩལ་པ་ལ། །བཟང་སྤྱོད་ཀྱི་
ཡན་ལག་བདུན་པ་བཟང་པོར་སྤྱོད་པ་ཡི། །སྨོན་པའི་ལམ་དུ་དགེ་བ་ཀུན་རྒྱུག་པའི། །འབྲས་བུ་དམ་པ་ལྷ་ཡི་སྐད་དུ་ཕབ། །
ཚེས་
བཅུ་བཞིར་གཉིས་སུ་མེད་པ་མཆོག་ཞི་བའི། །བདག་ཉིད་དགྱེས་པ་རྡོ་རྗེ་ལྷ་དགུ་ཡི། །དཀྱིལ་འཁོར་ཆེན་པོའི་རང་ཞལ་བསྟན་པ་ལ། །རིག་པ་འཛིན་པ་སྔགས་ཀྱི་སྡོམ་པ་ཞུས། །ཉ་རྒྱས་བདུད་རྩི་ཟེགས་པ་གང་བའི་ཚེ། །འཕགས་མ་གང་གི་མྱུར་བའི་སྤྱན་གསུམ་དང༌། །
བདག་ཉིད་ཆེན་པོ་
དེ་སྤྱན་ཕན་ཚུན་ལྟ་བའི་རྣམ་འཕྲུལ་གྱི། །བར་དུ་འགྲོ་དང་བྱང་ཆུབ་མཚམས་སུ་སྦྱར། །ཕྱོགས་ཀྱི་ཕྱི་མའི་བཟང་པོ་དང་པོའི་
སྟེ་ཚེས་བཅུ་བདུན་གྱི་
མཚན་
མོ
། །དག་པ་མི་ཟད་གསང་སྔགས་སྡོམ་པའི་བདག །བཅོམ་ལྡན་འདས་སྐུ་བདེ་བའི་