[A:༢༦༩]མཆོག་གཙོ་བོར། །གྱུར་པའི་དཀྱིལ་འཁོར་ཆེན་པོ་བཅུ་གསུམ་གཟིགས། །ཀུན་ཏུ་རྟོག་པའི་བི་ཤྭ་ཀརྨ་ཡིས། །སྲིད་པའི་ཉི་མ་བརྡར་
བཟོ་བོ་བི་ཤྭ་ཀརྨའི་བུ་མོ་ནི་རུ་ཀ་ཞེས་བྱ་བ་ལྷའི་བུ་ཉི་མའི་ཆུང་མར་བླངས་པ་ན། དེའི་གཟི་བྱིན་མ་བཟོད་པས་ཁྱོ་དང་ལྷན་ཅིག་གནས་པར་མ་ནུས་པ་དེའི་ཚེ། བི་ཤྭ་ཀརྨས་ཉི་མ་ལ། གལ་ཏེ་ཁྱོད་ཀྱིས་ཚོར་བ་བརྣག་ནུས་ན། །ངས་ཁྱོད་ཀྱི་གཟུགས་ཡིད་དུ་འོང་བར་བྱ་ལ། གང་གི་ཚེ་ལྷག་པར་མི་བཟོད་པར་ན་བ་དེའི་ཚེ་ནི་གཏང་བར་བྱའོ་ཞེས་སྨྲས་པ་དང༌། བཞིན་དུ་བྱའོ་ཞེས་བརྗོད་ནས། ལས་ཐམས་ཅད་པས་ཉི་མ་དེ་ ས་ལ་སྒྱེལ་ཏེ་འཁོར་ལོས་ཆ་བཅུ་གཉིས་སུ་བྱས་ནས་ལོང་མོའི་བར་དུ་བརྡར་ཞེས་རིག་བྱེད་ཀྱི་གཏམ་རྒྱུད་ལས་བཤད་པ་དང་སྦྱར་
བའི་འཁོར་ལོ་ལས། །རྣམ་པར་རྒྱལ་བ་མཆོག་གི་གྲོང་འཇུག་པའི། །རིག་པའི་སྒོ་ལམ་བཅོ་བརྒྱད་གཏོད་བཞིན་ཚེས་བཅོ་བརྒྱད་ཀྱི་
ཉིན། །ལས་ངན་རྩེ་དགའི་ཉོན་མོངས་རོལ་པ་མོས། །འཁྱུད་པའི་གདུང་བ་རབ་ཏུ་ལྕི་བ་ལ། །ལོངས་སྤྱོད་ཕྱིར་དུ་འཚོ་བའི་འགྲོ་བ་དགེ་བཤེས་རྡོ་ར་ཟེར་བ་
གང་དེ་ཉིད
། །ཉམ་ངའི་གཡང་དུ་ལྷུང་བ་སྨྲེ་བ་ན། །ངོ་བོ་ཉིད་ཀྱི་རང་བཞིན་མཛེས་པའི་སྤྱན། །གཟིགས་པ་ཞི་བའི་རླབས་ལྡན་བདུད་རྩིའི་ཆར། །འཁོར་ན་གནས་པ་ཀུན་ལ་དལ་བུ་ཡིས། །ཟིམ་པའི་ཚུལ་གྱིས་ལེགས་པར་འབབ་བཞིན་དུ། །ཀྱེ་མ་མ་ལ་སྐྱབས་མེད་ངལ་བསོ་བའི། །མགོན་པོ་ཐེག་པ་ཆེན་པོའི་ཁུར་བསྣམས་པས། །སྲིད་ཞིའི་རྣམ་པ་ཐམས་ཅད་མཁྱེན་བཞིན་དུ། །ཐུགས་རྗེའི་ཕྱག་གིས་མི་བཟུང་འདི་ནི་ཅི། །གཞན་ལ་ཕན་པ་འཇེབས་པའི་མཐུ་ཡི་གཏེར། །རིས་མེད་བརྡོལ་བའི་གྲགས་པས་ས་གསུམ་དགའ། །དེ་བཞིན་དོན་ལ་བཏང་སྙོམས་ཇི་ལྟར་རིགས། །གསུང་དུ་འཐུལ་བའི་ཡུལ་ལ་ནན་གྱིས་བཤུངས། །དེ་ཡི་ཐོ་རངས་ལེགས་པར་བྱས་པའི་ཞིང༌། །སྡིག་བྲལ་རྡོ་རྗེ་འཛིན་པའི་ས་དབང་ཕྱུག །རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་
དང་མཐུ་སྟོབས་བིརཱུ་པ། །ཤར་ཕྱོགས་སློབ་དཔོན་ནག་པོ་པ་བྱོན་ནས། །རིགས་ཀྱི་
བུ་ཞེས་བོད་པར་མཛད་ནས་
སེམས་ཅན་རང་གིས་བྱས་པའི་ལས། །འཁྲུལ་མེད་དུས་སུ་སྨིན་པ་སུ་ཞིག་གིས། །འགོག་ཏུ་མེད་པའི་མྱོང་བྱ་འདི་ལ་ཁྱོད། །འཁུ་བའི་རྣམ་པར་རྟོག་པ་མ་བྱེད་ཅིག །འཚོ་སྲོག་དུས་མཐའི་རླུང་དང་ཕྲད་པའི་སྤྲིན། །འབྱོར་པ་སྐད་ཅིག་མཚོན་ཆའི་གློག་འོད་ལ། །ལོངས་སྤྱོད་རྨི་ལམ་བག་མའི་རོལ་རྩེད་