R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༧༠
[A:༢༧༠]ཀྱིས། །བསླུས་པའི་མགྲིན་པ་ནས་འཁྱུད་འགྲོ་བ་པ། །དུག་གསུམ་རོ་སྨད་འཁྱིལ་བའི་གདེངས་ཀ་ཅན། །མ་དྲོས་ཀླུ་ཡིས་བཟུང་བའི་ཟག་ཕུང་མཚོ། །དེ་སྲིད་ཟུག་རྔུའི་ཆུ་ཀླུང་བཞི་སྦྲོན་པ། །ཆོས་ཉིད་ཡིན་ཕྱིར་
སེམས་ཅན་གཅིག་ཁོ་ནས་
རང་གིར་ག་ལ་ཞིག །བསྐལ་པ་དུ་མར་འཁྱོངས་པའི་སྒོ་གསུམ་པོ། །བྱང་ཆུབ་སྙིང་པོར་འགྲོ་ལ་མཁས་པ་དང༌། །བཙུན་དང་བཟང་པོའི་ཕ་རོལ་སོན་པ་ཡི། །ཁྱོད་ལྟ་བུ་ནི་སྐྱེ་བ་འདིའི་འོག་རོལ། །འཇིག་རྟེན་ཁམས་མང་བརྒལ་བའི་ངོས་རྩེ་ལ། །གནམ་གྱི་བ་གམ་སྔོན་པོ་དྲི་མེད་པའི། །གཞལ་ཡས་ཁང་པ་བརྩེགས་པ་བཅུ་གསུམ་པར། །རྣམ་པར་གྲོལ་བའི་རིགས་པ་འཛིན་གྱུར་ཏེ། །ཕྱོགས་བཅུའི་རྒྱལ་རྣམས་མཉེས་པའི་སྲས་པོ་རུ། །མཚར་བའི་མཐུ་དང་ཡོན་ཏན་གྱིས་མཐོ་བས། །ཡང་དག་རིག་པ་མྱོང་བའི་ས་ཆེན་པོ། །ཡོངས་སུ་ཕལ་ཆེར་བགྲོད་པའི་གདེངས་ཐོབ་ནས། །འཛམ་གླིང་མེ་ཡི་ལྷ་ཆེན་བཞུགས་པའི་ཕྱོགས་
ཏེ་ཤར་ལྷོ་མཚམས་སུ
། །སྲིད་དང་ཞི་བའི་འབྱུང་གནས་མུ་མུ་ནིར། །རྒྱལ་པོ་ཉི་མ་སྟོབས་སུ་འཕེལ་
ཞེས་བྱ་
བའི་བུར། །སྐྱེས་པ་མཆོག་གི་སྣང་བས་མ་ཁྱབ་མེད། །ཀུན་རྨོངས་མ་གཅིག་སེམས་ཀྱི་བཟོད་པའི་ཁུར། །རྟེན་པ་མེད་ལས་འཁྲུངས་པའི་བདེ་གཤེགས་ཀྱི། །བསྟན་པ་རིན་ཆེན་བདོ་བའི་འཇིག་རྟེན་འདི། གཡོ་མེད་མཚན་མ་བཤེས་དང་བྲལ་ལ་བཀོད། །དེ་ནས་དག་པ་རབ་ཏུ་འབྱམས་པའི་ཚད། །ཀུན་ལས་མངོན་པར་དགའ་བའི་ཞིང་ཁམས་སུ། །དེ་བཞིན་གཤེགས་པ་དྲི་མ་མེད་པའི་དཔལ་
ཞེས་བྱ་བ
། །གང་དུ་ཁྱོད་འཚང་རྒྱ་བར་འགྱུར་རོ་ཞེས། །དུས་གསུམ་ཐམས་ཅད་རིག་པའི་མངོན་ཤེས་ལ། །ལེགས་པར་སྐྱེས་པ་དོན་དམ་བདེན་པའི་དབྱངས། །གྲགས་པ་མཐའ་ཡས་ཆོས་ཀྱི་རྒྱལ་མཚན་ཆེ། །ནུབ་པ་མེད་པར་འཛུགས་ངེས་ལུང་དུ་བསྟན། །དེ་བཞིན་ནོ་ཞེས་ཀུན་ཏུ་བཟང་པོ་ཡི། །འབྲས་བུ་དཔག་ཏུ་མེད་པའི་དུས་སྟོན་མགུར། །གཅིག་པ་ཉིད་དུ་བིརཱུ་པ་དེའི་ཡང༌། །གསུང་གི་གསང་བ་
ལུང་བསྟན་དེ་དང་
རྗེས་སུ་མཐུན་པར་རྒྱུ། །ཨེ་མ་དེ་ལྟའི་ཆོས་ཀྱི་དབྱིངས་རང་