[A:༢༧༡]བཞིན། །འཁྲུལ་མེད་ནག་པོ་པ་དེས་རྟོགས་པའི་གཟུགས། །ཚིག་ཏུ་བརྗོད་པ་སྤངས་པའི་རྒྱུ་ཆེན་པོ། །ཀུན་དགའ་ཁོངས་ནས་དགོད་པའི་འཛུམ་དུ་སྤྲོ་
རྣམ་པའི་ཕྲ་མོའི་རྒྱན
། །རྒྱལ་བའི་དམ་ཚིག་མི་ཤིགས་པའི་རྩ་བ། །མཆེད་པའི་ཡན་ལག་ཚད་དུ་མེད་པ་ཅན། །གསོ་བྱེད་ཚོགས་ཀྱི་འཁོར་ལོ་རྟག་པའི་རོ། །ལྷུན་གྱིས་གྲུབ་པའི་ལོངས་ལ་ཡོངས་སྤྱད་དེ། །ས་སྐྱ་པཎྜི་ཏ་དེ་ཉིད་ཀྱི་སྐུ་ལ་སྤྱིར་མཚན་དཔེས་བརྒྱན་ཅིང་ཁྱད་པར་མྱ་ངན་ལས་འདའ་བའི་དུས་དེར་དབུའི་
གཙུག་ཏོར་ང་རྒྱལ་ལྟར་མི་མངོན་དུ་ཆེས་གསལ་བར་
འཕགས་པར། །མཛོད་སྤུ་དཀར་པོ་གཡས་སུ་འཁྱིལ་བཞད་པས། གཙུག་ཏོར་ཁྱོད་རང་ཉིད་མཐོན་པོར་འཕགས་པ་ལ་དེ་ཙམ་དུ་
མ་སྙེམས་ཤིག་
མཚན་དང་དཔེ་བྱད་འདི་ལྟ་བུ། །སངས་རྒྱས་ཀུན་ལ་ཡང་
ཡོད་ཅེས་སྟོན་པ་ཟོལ་བསྟོད་ཀྱི་རབ་རྟོག་རྒྱན་མཚར་བ་
བཞིན། །སྲིད་བྲལ་དཔལ་འབྱོར་རྣམ་པར་རྩེ་བའི་གནས། །ཕྱིར་བཟློག་མེད་པའི་ལྷ་རྣམས་ཀྱིས་བསུ་བའི། །མཆོད་པ་དམ་པའི་ལྕིད་ཀྱིས་གནམ་འཁུན་པ་སྟེ་སྒྲ་འབྱིན་
པར། །ས་གཞི་གྱེན་དུ་བསྐྱོད་པས་ཉན་བཞིན་རབ་རྟོག་གི་རྒྱན་
གཡོ། །གྲུབ་པའི་དཔའ་བོ་རྣལ་འབྱོར་མ་དཀྱིལ་གྱིས། །བརྗིད་པའི་ཞབས་ཀྱིས་སྟོང་པ་ཉིད་བརྫིས་པའི། །གར་དང་རྡོ་རྗེའི་གླུ་དག་བསྟུན་པའི་སྒྲས། །རྟག་འཛིན་ཅན་རྣམས་རྨོངས་པའི་གཉིད་ལས་སློང༌། །རྣམ་འདྲེན་དེ་ཡིས་སྲས་པོ་འཕགས་པ་ཡི། །སྤྱི་བོར་ཕྱག་གཞག་ཡང་དག་བགྲོད་གཅིག་ལམ། །ཟབ་མོ་བླ་མའི་རྣལ་འབྱོར་འདིར་འབད་དང༌། །རྫོགས་པའི་སངས་རྒྱས་ལག་ཏུ་གཏོད་པ་ཡིན། །དེ་སྐད་སྣང་བའི་མཐར་ཐུག་ནུབ་ཕྱོགས་ཀྱི། །ས་འཛིན་ལས་ནི་ཉི་མ་འཕེན་བྱེད་པའི། །མཚམས་སུ་དམར་བའི་འོད་ཀྱི་རྗེས་བཟུང་ཡང༌། །ཡང་དག་མུན་པས་འཇིག་རྟེན་ཟུམ་བསྡུས་བརྗོད་ཀྱི་རྒྱན་ཤིན་ཏུ་མཚར་བ་
པར་བྱེད། །སྨལ་པོས་ཉ་བའི་ཟླ་བ་དག་པ་འདོད། །དཀར་པོའི་ཕྱོགས་སུ་ཚེས་པ་བཅུ་བཞི་ཡི། །ཐོ་རངས་མཆོག་གིས་མཚན་མོའི་དགྲ་བཅོམ་པ་སྦྱར་རྒྱན
། །བརྟེན་པ་དུས་སུ་མཚུངས་པར་སྤྲུལ་པའི་སྡེར། །ཤེས་རབ་མ་ཉམས་འཕོ་མེད་ཐབས་བདག་ཉིད། །ཟུང་འཇུག་ལྷན་སྐྱེས་ངོ་བོ་ཟ་བ་ཡི། །བརྗོད་བྲལ་བདེ་ཆེན་རོ་ ལ་