R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༧༢
[A:༢༧༢]སྦྱོར་བའི་བརྡར། །རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་
ཟུར་གྱི་ཕྲ་མོའི་རྒྱན་
མཛད་ནས། །སྐྱེ་འཇིག་སྤངས་ཀྱང་འདུས་བྱས་ཀུན་གྱི་རྔ། །མི་རྟག་པར་མཚོན་དགེ་ལ་བསྐུལ་བའི་སྒྲས། །འཁོར་བ་དབྲལ་ཕྱིར་སྲིད་ཞིའི་མཐའ་གཉིས་ལ། །མི་གནས་པ་ཡི་མྱ་ངན་འདས་པར་གྱུར། །འཇིག་རྟེན་གསུམ་གྱི་སྤྱི་བོ་ཡིས། །མཆོད་པའི་རྟེན་དུ་བཞག་པའི་གདུང༌། །ཨེ་མ་བྱིན་གྱིས་བརླབས་པའི་གཏེར། །སུ་ཡི་རྙེད་བཀུར་གནས་མ་ཡིན། །རིན་ཆེན་རིན་ཐང་མེད་པའི་གཞལ་
འབྱོར་པ་རྒྱ་ཆེའི་རྒྱན་
ཡས་ཁང༌། །ནོར་བུའི་ཞལ་ཞལ་ཀ་བ་ས་རེ་ཡང༌། །དག་པའི་རེས་སུ་འཆར་ཚུལ་བརྒྱ་ལྡན་པས། །ལྷ་མིག་སྦྱིན་པས་འཕགས་པའི་ཕྱོགས་བཞི་རུ། །གདུགས་དང་རྒྱལ་མཚན་བ་དན་ཕུར་མ་དང༌། །ལྡ་ལྡི་དྲ་བ་དྲ་ཕྱེད་གཡེར་ཁའི་ཚོགས། །མ་བསྐུལ་དབྱངས་ལྡན་མ་རུ་སྙན་པའི་སྒྲ། །མི་ཟད་ངང་གི་བསྟོད་པ་བསྒྲུབ་བཞིན་དབུས། །
སངས་རྒྱས་ཐམས་ཅད་ཀྱི་གདུང་བཻཌཱུརྱ་
ཡིད་བཞིན་ནོར་བུ་ཏོག་གི་བློ་གྲོས་སུ་
འགྱུར་བར་སྙིང་རྗེ་པད་དཀར་ལས་བཤད་པ་ལྟར
། །བྱེད་པའི་སྐུ་གདུང་བྱིན་ཟའི་ལྷ་ཞལ་གྱི། །སྲིད་ཞུར་བགོ་སྐལ་བཟང་པོས་ཐོབ་པ་ལས། །ཚོགས་གཉིས་འབར་བའི་ཞུགས་ལ་བཞེན་པ་ན། །ཐུན་མོང་མཆོག་གི་དངོས་གྲུབ་རྒྱ་མཚོའི་འཇིང༌། །འབེབས་པའི་རྫས་དང་ཀུན་ཏུ་བཟང་པོ་ཡི། །རྣམ་ཐར་མཐའ་དག་སྐྱུགས་
ཏིང་ངེ་འཛིན་གྱི་ཡོན་ཏན་རྒྱན་
པའི་མཆོད་པ་ཆེ། །འཁོར་གསུམ་ཡོངས་སུ་དག་པས་མཉེས་བགྱིས་ཏེ། །སྲིད་གསུམ་ཟ་བའི་ཡེ་ཤེས་མེ་ཡི་ལྕེ། །མཁའ་སྤྱོད་ཞིང་ན་གླལ་བའི་རྩེ་མོ་ལས། །རབ་ཐོན་དུ་བ་སྔོན་པོ་བདག་མེད་མའི། །ལན་བུའི་ཕྲེང་ཚོགས་ཡིད་འོང་ངོམ་ལྟར་
ངག་དོན་གྱི་དཔེ་རྒྱན་མཚར་བ་
མཛེས། །དུ་བ་དེ་ཡང་མཐར་ནི་ཡེ་ཤེས་ལྔའི། །རང་མདོངས་འོད་དུ་འབར་བའི་འཇའ་ཚོན་གྱིས། །ཆུ་མཐོངས་
ཏེ་ནམ་མཁའ་
སྦས་པའི་མངལ་གྱི་རྒྱ་དག་ལས། །རྣམ་པར་གྲོལ་བའི་རིག་པ་འཛིན་པ་དང༌། །རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་མ་ཡི་གླུ། །མགྲིན་གཅིག་ལེན་པའི་ཟག་པ་མེད་ཆོས་ཀྱི། །འབྱོར་པ་དཀར་བའི་དེ་ཉིད་དངོས་རྒྱ་ཆེ། །འཕགས་ཆེན་དགྱེས་པའི་མཆོད་པ་རྣམ་པར་དག །མཐོ་རིས་གཞོན་ནུ་