R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༧༣
[A:༢༧༣]མ་ཚོགས་ཀྱིས་གཏོར་བའི། །མནྡཱ་ར་བས་ས་གཞི་དགོད་པའི་དཔལ། །འབར་དེ་གངྒཱའི་དབུ་བ་བརྩེགས་ཆགས་སྤོ། །འཕྱུར་བའི་ལྷ་ཡི་རི་བོ་གསར་པ་བཞིན་
ཕུལ་དུ་བྱུང་བའི་རབ་རྟོག་གི་རྒྱན
། །དབྱངས་ཀྱི་དཀྱིལ་འཁོར་ཡན་ལག་ཚད་མེད་པའི། །འབབ་སྟེགས་དྲི་ཟ་མིའམ་ཅི་རྒྱལ་གྱིས། །སྣ་ཚོགས་རྒྱུད་ལྡན་རོ་ཡི་གཏེར་གྱུར་སྒྲས། །རྟོག་པའི་དྲ་བ་མ་ལུས་རྣ་བར་བསྡོམ། །མ་དག་ཨ་དི་ཏི་ཡི་སྐྱེ་གནས་ལས། །འདས་པའི་ཆགས་རྡུལ་དྲི་མ་གསུམ་སྤངས་པ། །རྡོ་རྗེ་ཉི་མ་མཚོན་པའི་ཚ་ཟེར་ཅན། །རྣམ་གསུམ་ཀུན་གྱི་བླ་ན་གསལ་བར་མཐོང༌། །གང་ཞིག་མགོན་པོ་མཉམ་ཟླ་མེད། །མཛེས་པའི་རྒྱན་ནི་དེ་འདྲ་བའི། །བསྔགས་འོས་ཡ་མཚན་མང་བའི་མཛོད། །གདུང་གི་ཟ་མ་ཏོག་ཁ་ཕྱེ། །གཙུག་ཏོར་དྲི་མ་མེད་པའི་ཆུ་ལས་སྐྱེས། །བྱང་ཆེན་སྤྱོད་པ་མཆོག་གི་དབང་པོ་ཡིས། །ངོ་མཚར་རྒྱན་དུ་དགྱེས་པའི་རྡོ་རྗེ་གང༌། །སྣང་བའི་རི་བོང་མཚན་མ་གསལ་པོར་བཀོད་
པ་སྟེ་སྐྱེས་རབས་སོ་བཞི་པ་ནས་བཤད་པའི
། །
བྱང་ཆུབ་སེམས་དཔའ་རི་བོང་དུ་སྐྱེ་བ་བཞེས་ཚེ། བརྒྱ་བྱིན་གྱིས་ཉམས་སད་པའི་ཕྱིར་བྲམ་ཟེར་སྤྲུལ་པའི་ལག་བརྐྱང་གི་བརྟུལ་ཞུགས་བླངས་པ་ལ། ལུས་མེར་བསྲེགས་ཏེ་སྦྱིན་པ་ལས། དེའི་མཛད་པ་ཁྱད་པར་ཅན་འཇིག་རྟེན་གྱི་ཁམས་ལ་བསྟན་པའི་ཕྱིར། ལྷའི་དབང་པོས་ཟླ་བའི་དཀྱིལ་འཁོར་ལ་རི་བོང་གི་གཟུགས་བརྙན་གྱིས་བརྒྱན་ཏེ་གཞག་པའི་གཏམ་རྒྱུད་དང་སྦྱར་བས་སྦྱར་རྒྱན་ནོ། །
དེ་བཞིན་གང་དག་འཇམ་པའི་དབྱངས་ངོ་བོ། །ཡིན་པར་སྨྲ་བའི་རྒྱལ་པོ་རང་བྱོན་པའི། །ཤེས་རབ་རལ་གྲི་རྣོ་བའི་ཚད་གྱུར་སོས། །རྩོད་པའི་གཡུལ་ངོ་ཕྱིས་མི་གཤོམ་པར་མཆོད། །དཔལ་ལྡན་དཔྲལ་བའི་དཀྱིལ་འཁོར་འཇིག་རྟེན་ལ། །ཤར་པ་ཙམ་ན་སངས་རྒྱས་ཉག་གཅིག་ཏུ། །གཏོང་བ་རྫོགས་པའི་སྙིང་རྗེ་ཉ་བ་ལས། །བདེ་བ་ཆེན་པོའི་འཁོར་ལོ་སྡོམ་
སྦྱར་རྒྱན་
པ་འཁྲུངས། །ཀུན་མཁྱེན་བུ་རམ་ཤིང་པ་མི་མཇེད་ཀྱི། །ཞིང་འདིའི་གདུལ་བྱ་རྫོགས་མཐའ་མེད་ཕྱིར་དུ། །རྟག་པ་དམ་པའི་དངོས་པོའི་རྩ་བ་ལས། །སྐུ་ཉིད་བལྟ་བས་ཆོག་མི་ཤེས་པ་བལྟམས་
ངེས་བསྟན་གྱི་རྒྱན
། །ངན་འགྲོ་ལས་འདྲེན་དཔུང་པའི་སྨྱིག་མ་ཡི། །འཁྲི་ཤིང་རབ་ཏུ་མཐོ་བའི་རྩེར་སྨིན་པ། །མུ་ཏིག་
རྒྱ་གར་ལྷོ་ཕྱོགས་ཀྱི་སྤའི་འདབ་མ་ལ་ཆར་བབ་པའི་རྐྱེན་གྱིས་ཝེ་ལུ་མུ་ཏིག་འབྱུང་ཞེས་