R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༤༧
[A:༡༤༧]རེར་ཡང་འཁོར་
སོ་ཞེས་པ་
ལ་བྱ་དཀའ་ཅི་
ཞིག་ཡོད
། །འདི་ཡི་
ཐུན་མོང་མ་ཡིན་པའི་
རྫུ་འཕྲུལ་
ཆེན་པོའི་
སྟོབས་ཀྱི་རྐང་པ་ཡིས། །བཅུ་གསུམ་རྡོ་རྗེ་
འཛིན་པའི་
ས་ཡང་
སྐད་ཅིག་གིས་
བགྲོད་
པར་
མི་ངལ་
བས་སོ
། །ལུང་དང་རྟོགས་པའི་གནད་ཀུན་
ཡི་དམ་གྱི་
ལྷ་རྣམས་ཀྱིས། །དངོས་སུ་བསྟན་
ནས་ཉམས་སུ་བླངས་
པའི་
ཟབ་མོའི་
ཆོས་ལ་སོམ་ཉི་
ཐེ་ཚོམ་དང
་བྲལ་
བའི་བརྟན་པ་ཐོབ
། །བདེན་པ་དེ་ཡི་དཔང་པོར་
ཉེར་ལེན་གྱི་ཕུང་པོ་མ་བོར་བར་ཆུ་མིག་རྫིང་ཁའི་བླ་བྲང་དུ་
འཇའ་ལུས་བརྟེན་
ཅན་གྱི་སྐུ་གྲུབ་ནས
། །འོད་མཚན་འབར་བའི་
སྟེ་བདེ་བ་ཅན་གྱི་
ཞིང་དུ་བདེ་བར་གཤེགས་
པའོ
། །
སྲས་གཉིས་པ་
འགྱུར་མེད་བདེ་ཆེན་གསེར་གྱི་རྦ་རླབས་ཅན། །སྟོང་ཉིད་སིནྡྷུ་འབབ་པའི་ཁྱུ་ཡི་མཆོག་
ཏུ་གྱུར་པ་དམ་པའི་གླང་པོ་དེ་ནི
། །
ཐབས་ཤེས་
ཟུང་འཇུག་འཁོར་ལོའི་
དཀྱིལ་འཁོར་ཀུན་གྱི་
མགོན་པོ་གསང་སྔགས་ཀྱི། །རྒྱལ་པོ་
རྗེ་བཙུན་
གྲགས་པའི་རྒྱལ་མཚན་
མེ་མོ་ཡོས་ལོ་པ་
འཆང་བ་གང༌། །གནས་ལྔ་རིག་པའི་སྒོ་ཆེན་མཐའ་ཡས་པའི། །བློ་གྲོས་ནོར་ལྡན་བློས་འཛིན་པཎྜི་ཏའི། །ཡང་སྲིད་
ཀྱི་སྐྱེ་བ་
འདི་ལ་ཤེས་བྱ་ཐམས་ཅད་ཀྱི། །དེ་ཉིད་གཟིགས་པའི་ཡེ་ཤེས་སྤྱན་ཡངས་ལ། །མཁས་དང་གྲུབ་པ་
སོ་སོ་
འདྲེན་པའི་དོ་ར་ནས། །སྐྱེ་བའི་ཟློས་གར་
ལན་གྲངས་
བདུན་དུ་འཇམ་དཔལ་གྱིས། །གཙུག་གི་རྒྱན་
ཏེ་ལྷག་པའི་ལྷ་མཛད་པ་
དང་མཚན་ནས་ཡང་དག་པར། །བརྗོད་པའི་དོ་ཤལ་སྙིང་གར་གཟུང་བ
འི་མནལ་ལམ་
གསལ་
བ་བྱུང་
། །རྨི་ལམ་རྟེན་མེད་རི་མོའི་ཕྲེང་བ་ཡང༌། །
རྗེ་བཙུན་
གང་ལ་རྟག་པ་ཆོས་ཀྱི་དབྱིངས་སྟེར་བ། །རྒྱུད་ཀྱི་རྒྱལ་པོ་
གུར་བརྟག་པ་
གསུམ་གྱི་པུསྟ་ཀ །མིད་པའི་སད་གཉིར་དེ་དོན་ཐམས་ཅད་
མངོན་སུམ་དུ་
མཁྱེན། །སྣང་ལ་རང་བཞིན་སྟོང་པ་བདག་མེད་པ། །དྲི་མེད་གསལ་བའི་ཡེ་ཤེས་རེག་བྱ་
རྣམ་པར་དག་པ་
ཡིས། །འཁྲུལ་པ་འཇིག་པ
ར་བྱེད་པ
འི་ཡི་དམ་ལྷ་ཚོགས་
ཀྱི་
ཞལ་
དེ་ནི
། །ཉིད་
ཀྱི་
སྤྱན་གཟིགས་པའི་སྣོད་གཙང་བཞིན་དུ་གྱུར་
ཞེས་ཡི་དམ་ལྷ་རྣམས་ཀྱི་ཞལ་མངོན་སུམ་དུ་གཟིགས་པས་སོ
། །དཔལ་ལྡན་ས་སྐྱའི་དབུ་རྩེ་ཆེ
ན་མོ
ར་གྲགས་པ། །ལྟེ་བ་ནོར་བུས་བརྒྱན་པའི་གཙུག་ལག་ཁང༌། །བཞེངས་པར་
དགོངས་ནས་
ས་བདག་
གི་
དཔྱད་ལ་མཁས་པའི་མོན། །རྡོ་རྗེ་རཱ་ཛས་བུམ་ཆུ་དྲངས་པའི་རྗེས། །སངས་རྒྱས་
ཀྱི་
ཁེངས་པ་
ཆོས་ཐམས་ཅད་
གཉིས་
སུ་
མེད་
པའི་
ཡེ་ཤེས་ཀྱིས། །འཇིག་རྟེན་གསུམ་