[A:༢༧༤]བཤད་པ་དང་སྦྱར།
འབྲས་བུ་ལྟར་དཀར་འཕགས་པའི་མཆོག །ཁར་ས་པ་ཎིར་མཚན་གྱིས་བསྔགས་དེ་བྱོན། །གཞོམ་མེད་རྡོ་རྗེའི་རྐང་གི་ལྡིང་ཁང་ན། །བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་འདི་ལ། །འདོད་ཆེན་ཁུར་གྱིས་བརྗིད་པའི་འཇིག་རྟེན་དབང༌། །སྐྱོན་རྣམས་མ་ལུས་སྐེམས་པའི་བརྩེ་བས་བརླན་བྱ་བ་འགལ་བའི་རྒྱན
། །དམྱལ་བའི་མེ་ཆེན་གསོད་པའི་ཕྱག་གཡས་ཀྱི། །སོར་མོའི་འདབ་རིང་རྒྱ་མཚོ་བཞིར་འཁྱུད་པའི། །གདེངས་ཅན་ཤིང་རྩེར་རྒྱལ་བའི་ཅོད་པན་ཅན། །བྱམས་པའི་སྤྱན་ཟུར་འཇམ་པོ་ཡིས་མངོན་ཟིན། །གཞན་ཡང་སྒྲོལ་མ་མི་གཡོ་ཤེས་རབ་ཡུམ། །སྐུ་ཡི་རྟེན་པ་ཕུན་སུམ་ཚོགས་པ་བཅུའི། །འཇུག་པའི་གར་གྱི་རྗེས་མཐུན་ས་བཟུང་ཚེ། །བདུད་དུ་བརྗོད་པའི་སྐུ་རྟེན་བཅུ་དང་ཁྱབ་འཇུག་གི་འཇུག་པ་བཅུ་སྦྱར་བས་སྦྱར་རྒྱན་
སྟོབས་ལྡན་ས་འོག་ཞུགས། །རྡོ་རྗེའི་སྒྲ་དབྱངས་སྐྱེ་བ་མེད་པའི་དོན། །གསུང་གི་དམ་ཚིག་ཡི་གེ་གཙང་མ་གང༌། །བརྗོད་དང་བྲལ་བ་ཚིག་རྣམས་ཀུན་གྱི་ཡབ་ཏུ་གྱུར་པའི་ཨ་ཡིག་འབུར་དུ་དོད་པ་ཉིད
། །སྨྲ་བ་ངན་པ་དྲུང་ནས་འབྱིན་ཕྱིར་གསལ། །སྐྱེ་འགག་གནས་པ་འགྲོ་འོང་མཉམ་འགྱུར་མགོན། །ཚད་མ་ཆོས་དབྱིངས་ཀུན་ལ་ཁྱབ་པའི་རྟེན། །རྣམ་པར་རྒྱལ་བའི་མཆོད་རྟེན་རེ་རེ་
ལྷའི་རྣ་བ། །དག་པ་གཉིས་ལྡན་ཉིད་ཀྱི་རྒྱན་དུ་སྐྱེས། །སངས་རྒྱས་ཐེག་པ་བླ་མེད་རིགས་ཀྱི་བདག །རྣམ་པ་ལྔ་རུ་དག་པའི་གདུང་དང་
རིང་བསྲེལ་གྱི། །ཕུང་པོའི་འོད་མང་འཁྲུག་པའི་བར་དག་ཏུ། །ས་གསུམ་མུན་ལས་ཐར་པའི་སྡེར་མངོན་ཕྱོགས། །དེ་ལྟར་མགོན་པོ་ས་སྐྱ་པཎྜི་ཏ་དེ་ཉིད་ཕྱོགས་བཅུའི་
བདེ་གཤེགས་རྣམས་ཀྱི་
གནས་བརྟེན་ཡང༌། །བསོད་ནམས་ཞིང་ལས་ནམ་ཡང་མི་འདའ་བའི། །རང་གཟུགས་རོལ་པའི་ཚོགས་ལ་ཁམས་གསུམ་གྱི། །སྲིད་པ་ཀུན་གྱི་ངོ་མཚར་གནས་སུ་བཏུད། །ངེས་པར་འཛམ་གླིང་མི་རྗེ་ཐམས་ཅད་ཀྱི། །དོ་ཀེར་མཐོན་པོ་རྐང་པའི་སེན་མོ་ལ། །ཤར་བའི་རྒྱལ་པོ་གོ་དན་སྡེར་བཅས་པ། །དང་བ་ཆོག་མི་ཤེས་པའི་རྩེར་ཞུགས་ཏེ། །བསྟན་པའི་བདག་པོ་ས་སྐྱ་པ་ཉིད་ཀྱི། །ཆོས་དང་སྲིད་ཀྱི་གཙུག་ལག་དུ་ཀཱུ་ལ་སྟེ་ཟར་མའི་རས་སམ་ཕྱི་གསལ་ནང་གསལ་བ
འི། །རས་དཀར་ནོར་འཛིན་དཔལ་མོའི་གོས་བཟང་དུ། །དཔུང་