[A:༢༧༥]བ་མཐུ་ཡིས་རྣམ་པར་བརྒྱན་པས་དགྲམ། །ཡོན་ཏན་ཀུན་གྱི་ཚོགས་འདུས་པ་ཡི་ལོངས་ལ་ཡུན་རིང་དུ། །སྤྱད་པའི་རང་བཞིན་དོན་ཆེན་དམ་པ་དགའ་བ་གྲུབ་ནས་སོ། །དྲི་མས་སྤངས་པ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་གནས། །སྐུ་གསུམ་པོ་ཡི་ཁང་བཟང་མངོན་པར་དགའ་བ་འཛེགས་པར་གྱུར། །འཇམ་དབྱངས་མིའི་སྲིད་པ་འཛིན་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བསྐལ་པ་བཟང་པོའི་ལེགས་ལམ་ལས། མྱང་འདས་ཀྱི་སརྒ་དེ་བཅུ་གཅིག་པའོ།། །།ཨེ་མ་དཔག་བསམ་དགེ་བའི་རྩ་བ་ཡང་དག་པའི། །བསམ་པས་རྗེས་སུ་འབྲེལ་བའི་ཡལ་ག་མཆོག་ཆེན་གྱིས། །སྲིད་དང་ཞི་བའི་ཆོས་ཆར་ཟད་མི་ཤེས་སྩོལ་བ། །ལེགས་བྱས་ཡོངས་སུ་འདུ་བའི་རྐང་པས་འཐུང་དོན་ཆེ། །ས་ལ་ཡེ་ཤེས་སེམས་དཔའི་མཛོད། །ནམ་མཁའ་མ་ཞིག་བར་དག་ཏུ། །བཅས་པའི་ཕྲིན་ལས་རི་བྱི་ཡི། །ཧུབ་ཏུ་འཁོར་བའི་རྒྱ་
རི་བྱི་ནི་ཨག་སྟ་སྟེ། དེ་ཡང་སྔོན་གྱི་དུས་ན་རླུང་ཐོབ་དང་སར་ལྡན་ཞེས་བྱ་བའི་ལྷ་མ་ཡིན་སྤུན་གཉིས་ཡོད་པ་དག་གིས་དྲང་སྲོང་རྣམས་མགྲོན་དུ་བོས་ཏེ། རླུང་ཐོབ་ཀྱི་ལུས་དུམ་བུར་བྱས་པའི་ཁ་ཟས་ཀྱི་བསྙེན་བཀུར་རྣམས་དེ་དག་གིས་ཟོས་པ་དང༌། སར་ལྡན་གྱིས་ཕྱི་རོལ་ནས་རླུང་ཐོབ་ཚུར་ཤོག་ཅེས་བོས་པའི་རྗེས་ཐོགས་སུ་གང་གིས་ཟོས་པ་དེ་རྣམས་ཀྱི་ལྟོ་བ་ཕུག་ནས་ཕྱིར་བྱུང་བ་དང༌། དྲང་སྲོང་ལྷག་མ་རྣམས་ཀྱིས་ལྷ་མིན་དེ་དག་བསད་པའི་དོན་དུ་དྲང་སྲོང་ཆེན་པོ་ཨ་གསྟ་ལ་གསོལ་བ་བཏབ་བོ། །རེ་ཞིག་ན་ཨ་ག་སྟ་ཡང་མགྲོན་དུ་བོས་ནས་སྔར་བཞིན་དུ་བྱས་རྗེས། རླུང་ཐོབ་གར་སོང་ཞེས་བོས་པ་དང༌། དྲང་སྲོང་གི་སྒྲེག་པ་སྟོན་ཏེ། །དེ་ནི་ཞུ་བར་བྱས་ཟིན་ཏོ་ཞེས་ཁྲོ་བས་འཁྲུགས་ནས་སར་ལྡན་ཡང་ཟོས་སོ། །དེའི་ནུས་པས་སྐོམ་པ་སྟོབས་དང་ལྡན་པར་གྱུར་ནས། །མཚོ་དང་རྗིང་བུ་སོགས་གང་ཡོད་པ་རྣམས་འཐུངས་ཀྱང་མ་ངོམས་ཏེ་རྒྱ་མཚོ་ཆེན་པོ་ཡང་འཐུངས་སོ་ཞེས་རིག་བྱེད་ཀྱི་གཏམ་རྒྱུད་ནས་བཤད་པ་དང་སྦྱར་
མཚོ་སོང༌། །ཆོས་དེའི་དབྱར་ལས་སྐྱེས་པ་ཡི། །ལྟོ་བ་བདུད་རྩིའི་དོ་ཤལ་དུ། །རིང་བའི་རྒྱུན་དག་ཆད་མེད་པ། །རྦ་རླབས་དེ་ཡི་འོད་ཀྱང་བསིལ། །དེ་ཕྱིར་བསྟན་པའི་བདག་ཉིད་དུ། །གྲགས་པས་ས་གསུམ་ཟོས་གྱུར་པའི། །སྙིང་པོའི་སྐྱེས་རབས་སངས་རྒྱས་ཀྱི། །མཐུ་དང་ཡོན་ཏན་འདིར་མངོན་ལྟོས། །འགྲོ་བའི་བསོད་ནམས་དཔལ་བེའུའི། །མཚན་ལྡན་རྐང་པའི་རྒྱལ་མཚན་ཆེ། །འཆི་མེད་