R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༧༦
[A:༢༧༦]སྙན་པའི་ཆུ་གོས་ཀྱིས། །
རྒྱལ་པོ་སྐལ་ལྡན་ཤིང་རྟས་ཚངས་པ་དཀའ་ཐུབ་ཀྱིས་མཉེས་པར་བྱས་ནས་མེས་པོ་དྲུག་ཁྲིའི་དོན་དུ་ཕབ་པའི་གངྒཱ་དུས་ཕྱིས་མི་ཡུལ་དུ་གནས་པ། ལྷ་ཁྱབ་འཇུག་ཆེན་པོའི་རྐང་པ་ལ་ཞབས་བསིལ་དུ་ཕུལ་ལོ་ཞེས་རིག་བྱེད་ཀྱི་གཏམ་རྒྱུད་ལས་བཤད་པ་དང་སྦྱར་ཏེ་གཟུགས་ཅན་གྱི་རྒྱན་དུ་བྱས་པའོ། །
ཀླུབས་པ་དེ་
ཟངས་ཚ་བསོད་ནམས་རྒྱལ་མཚན་ཞེས་བྱ་བ་ཡབ་མེས་ཀྱི་ཆོས་ལུགས་མཐའ་དག་ལ་མཁས་ཤིང༌། ཀྱེ་རྡོར་དང་ཕུར་པ་ལ་ཐུགས་དམ་གྱི་མཐིལ་མཛད། ནག་པོ་ཆེན་པོ་ལྕམ་དྲལ་བྲན་དུ་ཁོལ་ནུས་པ།
ཡི་སྲས་ཀྱི་གཙོ་
བོ་ཤིང་མོ་ལུག་ལོ་པ་སྟེ
་ དང་
བླ་མ་འཕགས་པ་འདི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་ས་སྟོན་རི་པའི་སྐུ་སྐྱེ་ཡིན་པར་རྣམ་ཐར་ཁ་ཅིག་ཏུ་བཞེད་ཡོད། དེ་ལ་ལོག་པར་མི་སེམས་ནས་འཇམ་དབྱངས་བདུན་བརྒྱུད་དུ་ངེས་པ་འདི་ག་ངོ་མཚར་ཆེ་བར་གོ་ནས་
པོར་འཇམ་པའི་དབྱངས་འཛམ་བུའི། །སྙེ་མ་སྲིད་པའི་མཚོ་རྒྱུད་བཞིན། །ཀུན་
འཛམ་བུ་ཤིང་གི་འབྲས་བུ་མཚོ་མ་དྲོས་པའམ་རྒྱ་མཚོའི་ནང་དུ་ལྷུང་བ་འཛམ་བུ་ཆུ་བོའི་གསེར་དུ་འགྱུར་ཞེས་བཤད་པ་དང་སྦྱར་
ཏུ་ བཟང་པོའི་གསེར་ཉིད་དུ། །འབར་བའི་སྣང་བ་རབ་ཏུ་འབྱམས། །རྣམ་དག་སྙིང་པོའི་བློ་གྲོས་སུ། །ཆེ་བས་རྒྱལ་བའི་ས་འཛིན་པ། །ཐམས་ཅད་མཁྱེན་པའི་མཚན་ཉིད་དང༌། །གཞོན་ནུའི་དུས་ནས་ལྡན་པ་
སྟེ་དགུང་ལོ་གསུམ་པ་ལ་སྒྲུབ་ཐབས་མཚོ་སྐྱེས་གསུངས་པས་ཀུན་གྱིས་ཡ་མཚན་དུ་འཛིན་པ་
ན། །འདི་སྟེ་འཕགས་པའི་འཁྲི་ཤིང་ཞེས། །བསྔགས་བརྗོད་བུང་བ་སྒྲ་སྒྲོགས་པའི། །འབབ་སྟེགས་མེ་ཏོག་ཐོན་ཙམ་ནས། །འབྲས་བུ་མཆོག་གིས་བརྟན་པར་དུད། །ཤེས་རབ་རྣོན་པོ་བསྐལ་པ་བརྒྱར། །གོམས་པའི་རིག་པ་མ་ལུས་སྒོ། །གཏན་པ་མེད་པའི་མཆོད་སྦྱིན་གྱིས། །ཤེས་བྱ་ཐམས་ཅད་གྱ་ཡིས་ནོམས། །ཆོས་ཀྱི་བདག་པོར་གཟོད་མ་ནས། །རང་ཉིད་སྐྱེ་བས་མཐོ་ཡང་དེང༌། །ཡོངས་སུ་འཛིན་པའི་བཤེས་དུ་མ། །བསྟན་པའི་ཞལ་སྐྱེས་ཚུལ་གཟུང་སྟེ། །ལུང་རྟོགས་གཉིས་འཐུང་དཀར་པོའི་གཉར། །མཁྱེན་པའི་མིག་སྟོང་ལྡན་ཞོན་ནས། །གསུང་གི་རྡོ་རྗེས་འཇིག་ཚོགས་ལ། །ལྟ་བའི་ལྷ་མིན་གཡུལ་དུ་བཅོམ། །ཁྱད་པར་ཞབས་ལ་བཏུད་ཚད་ཀྱི། །གྲུབ་པའི་སྤྱི་གཙུག་བལྟར་མི་མངོན། །དེ་མཁས་རིགས་རྣམས་ཀུན་གྱི་གཙོ། །ཨཱ་ནནྡྷཱ་
ཀུན་དགའ་རྒྱལ་མཚན་
ཛས་རྗེས་སུ་བཟུང༌། །དག་པ་ཤེས་རབ་མི་ཟད་བློར། །དཔེ་ཟླ་མེད་པས་སྐྱོ་གྱུར་ནས། །གང་ལ་མངའ་བའི་ཡོན་ཏན་གྱི། །ཡོངས་སུ་འབྱོར་བའི་ཆ་བཞིན་མཛད། །ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ། །དབང་བསྐུར་དེ་བཞིན་གཤེགས་པ་ལྔའི། །ཅོད་