R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༧༧
[A:༢༧༧]པན་བཅིངས་པའི་རྒྱལ་ཐབས་ཀྱིས། །བདུད་ཀྱི་དཔུང་པ་བརྐྱང་རྒྱུན་ཆད། །ས་ཡི་ཚངས་པ་སེ་ཆེན་གན། །མོས་པ་ལེགས་བྱས་ཀྱི་རྩ་བ། །བརྟན་ལྡན་ཟབ་ཅིང་རྒྱ་ཆེ་རུ། །སྐྱེ་བའི་ས་དེ་ལན་གསུམ་བྱོན། །དེ་ཡང་ལྷུན་པོ་གསེར་གྱི་ལྕོག །རྣམ་བཞི་མཛེས་པའི་སྟེང་དེ་ན། །མཐོ་རིས་རྒྱལ་སྲིད་ཕུན་ཚོགས་ཅན། །གཏམ་ཙམ་དེ་ནི་མངོན་སུམ་མམ། །དེར་མ་ཟད་པའི་རྨད་བྱུང་ཚོགས། །རིན་ཆེན་བ་གམ་སྐབས་གསུམ་ན། །དགོད་པའི་འོད་ལྡན་ལྷ་དང་མིའི། །འཇིག་རྟེན་བར་མེད་སྣང་བས་བསྲུང༌། །འཁོར་ལོས་སྒྱུར་རྒྱལ་དེར་བལྟམས་པའི། །དབང་ཆེན་གསེར་གྱི་ ས་གཞིའི་ལམ། །བྱེ་བར་ཅོ་འདྲིའི་
གསེར་གྱི་
ཁམས་གང་ལས། །གྲུབ་པའི་ཕོ་བྲང་ཏ་ཡི་ཏུ། །བདུན་པ་ལས་སར་བསྐོར་བ་ཡི། །ལྕགས་རི་རིམ་པ་གཉིས་ལྡན་དུ། །བྱེད་བཞིན་རྡོ་རྗེའི་རང་བཞིན་གྱི། །ཕ་གུས་བརྩིགས་པའི་ར་བའི་ནང༌། །འབིགས་བྱེད་རྒུད་པའི་ཕ་འོང་བཞིར། །བརྟགས་པའི་སེང་གེ་འབྲུག་སྐད་ལ། །ཞེ་སྡང་དྲག་པོའི་འཆེལ་སར་བཅས། །གནམ་སྔོན་གྲུམ་པ་ཙམ་དུ་མཆོང༌། །ལྕགས་ཀྱི་ཕྱག་ན་རྡོ་རྗེའི་སྐུ། །བདེ་ཆེན་ཁབ་ལེན་བཟང་པོ་ཡིས། །དྲངས་པའི་ནམ་མཁའ་གཞན་མཆོག་གི །མཚན་ལྡན་སྐྱེ་བ་འཛིན་པ་བཞིན། །འཇིག་རྟེན་མི་གཡོ་རྒྱལ་པོའི་སྲིད། །འདི་ཉིད་ཁོ་ནས་བརྟན་བྱས་ཏེ། །འཛམ་གླིང་སྐྱེ་བོ་ཀུན་འཇུག་པའི། །སྐལ་བཟང་ནོར་བུའི་ཐེམ་སྐས་ཅན། །རྒྱལ་སྲིད་རིན་ཆེན་བདུན་གྱི་གཙོ། །ས་སྟེང་འབྱོར་པར་ཚོར་བ་ལྷོད། །མིག་སྟོང་པ་དང་མཉམ་ཉིད་དུ། །བྱེད་པོས་བསྐོས་པའི་དཔལ་ལྡན་པ། །ཁོར་ཡུག་དག་གིས་བཅད་པའི་ས། །ས་བདག་ཚོགས་ལས་ཉེར་བླངས་ནས། །གང་གི་དཔུང་པ་ལག་འགྲོ་ཡི། །ལོངས་སྤྱོད་ལྡན་པའི་སྙིང་པོས་བཟུང༌། །ཐུན་གྱི་ཆུ་ཚོད་མཁན་པོ་ཡིས། །མཚམས་རྣམས་འཛིན་པའི་རྔ་བོ་ཆེ། །སྲིད་གསུམ་བསླང་བའི་སྒྲ་དང་པོ། །སྐྱ་རེངས་ཤིང་རྟར་བཅིབས་ཙམ་ནས། །རྒྱལ་པོ་དེ་ཡི་བསོད་ནམས་ཀྱི། །མཐུ་ལ་དངོས་པོ་སུས་མ་བཏུད། །སེམས་ལྡན་རྣམས་ལ་