R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༧༨
[A:༢༧༨]སྨོས་ཅི་དགོས། །ཕྱི་རོལ་འབྱུང་བ་ཡང་ཕྱག་འཚལ། །ལང་ཀ་ཡུལ་གྱི་དབང་ཕྱུག་དཔྱ། །འབུལ་བའི་གཟུགས་ཀྱང་ཟིལ་གནོན་དེས། །རི་བོ་སྲོག་ལྡན་ལྟར་ལངས་པའི། །འཁོར་གྱི་མི་བོ་ཆ་རྣམས་སྦ། །བརྟག་བྱའི་འཁོར་བ་ཁེངས་ལྡན་མ། །ཡིད་འོང་ཡ་མཚན་དཔལ་འབྱོར་ལ། །བརྟགས་པའི་ས་དེ་འདི་ཞེས་དགོངས། །སྤྱན་རས་ངང་གི་དལ་བ་འབབ། །
མཚལ་བའི་ཧུ་ལེན་དེབ་ན་གསལ་བ་བཞིན་
དུས་དེར་དྲུག་པ་སེང་གེ་ཡི། །སྐྱེས་རབས་ཀརྨ་པཀྴི་དེས། །བྱང་ཆུབ་སེམས་དཔའ་མཐོང་ན་དགའི། །མཚན་དུ་ཆེ་བ་ཡང་བརྗོད་དེ། །
སྔོན་གྱི་དུས་སུ་ལྷ་རྣམས་ཀྱིས་རི་བོ་མནྡཱ་རས་སྲུབ་ཤིང་དང་ཀླུ་ནོར་རྒྱས་ཀྱི་སྲུབས་ཐག་བྱས་ཏེ། འོ་མའི་རྒྱ་མཚོ་བསྲུབས་པ་ལས། ཉི་མ་དང་ཟླ་བ་དང་རྟ་མཐོང་ཐོས་དང་གླང་པོ་ཆེ་ ས་སྲུང་དང་ནོར་བུ་ཀཽ་སྟུ་བྷ་དང་ཤིང་ཡོངས་འདུ་དང་ལྷ་མོ་དཔལ་མོ་དང་བདུད་རྩི་དང༌། ནག་པོ་བརྩེགས་པ་རྣམས་བྱུང་ཞེས་རིག་བྱེད་ཀྱི་གཏམ་རྒྱུད་ལས་བཤད་པ་ལྟར།
དཔུང་པ་ལྷ་ཡི་རི་བོའི་དེད་དཔོན་འཇིག་རྟེན་གསུམ་གྱི་འོ་མའི་མཚོར། །ཞུགས་ལས་བླངས་གྱུར་ཉི་མ་འཐུངས་པའི་རིན་ཆེན་སྣང་བས་ཕྱོགས་རྣམས་མྱོས། །དྲི་མེད་ཟླ་བའི་གདུགས་དཀར་རྣམ་མཛེས་བདུད་རྩིའི་བསིལ་སྦྱིན་རྔ་ཡབ་བཞད། །ཀཻ་ལ་ཤ་རི་རྒྱུག་འདྲ་གླང་པོའི་དབང་དང་ཡོངས་འདུའི་འབྲས་བུས་མཆོད། །རྒྱུད་རྣམས་ཀུན་གྱི་ཐེག་པ་བླ་ན་མེད། །
གུར་བརྟག་པའི་རྒྱུད་
རྣམ་གསུམ་དཀྱིལ་འཁོར་ཆེན་པོར་ལན་གསུམ་དུ། །རྒྱལ་པོ་སྡེར་བཅས་བཅུག་ལ་བཅོམ་ལྡན་འདས། །ཀྱེ་ཡི་རྡོ་རྗེར་དབང་བསྐུར་དང་པོའི་ཡོན། །གངས་ཅན་ས་ཡི་ཐིག་ལེ་རབ་ཡངས་པའི། །ལྟེ་བ་མཚུངས་མེད་རྒྱས་པའི་བཀྲ་ཤིས་ཁྲིས། །ཡོངས་སུ་བསྐོར་བ་གྲགས་པའི་གཞིར་གྱུར་པ། །རྒྱལ་རྔ་བཅུ་གསུམ་ཉིད་དུ་བརྡུང་བ་ཅན། །གཉིས་པ་དམ་ཆོས་གཏན་དུ་བདེ་བའི་སྲོག་
འཛིན་པའི་ཆོལ་ཁ་དང་
། ལུས་ཅན་རིན་ཆེན་རིན་ཐང་མེད་
པ་མགོ་ནག་མིའི་ཆོལ་ཁ་
གང་དང༌། །ནམ་མཁའ་ལྡིང་གྲིབ་ལས་རྒྱལ་མྱུར་
དུ་
འགྲོ་
བ་མདོ་བ་རྟའི་ཆོལ་ཁ་
ཡི། །ཚོགས་ཏེ་ལེགས་པའི་འབྱུང་གནས་
སུ་གྱུར་པའི་ས་
ཆོལ་ཁ་གསུམ། །གསུམ་པར་མི་ཡི་སྲིད་པའི་དཀྱིལ་འཁོར་ཞིང༌། །དུས་མིན་འཆི་བདག་ཁ་ཡིས་ཡུར་བའི་ཁྲག །བརླང་པོའི་རྦ་རླབས་གནམ་དུ་རྒོལ་བ་ཡི། །
རྒྱའི་མི་ཡུར་ཆེན་པོར་གྲགས་པ་
འཇིགས་པའི་རྒྱུན་བཅད་དེ་དག་དང་