R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༧༩
[A:༢༧༩]པས་ཕུལ། །དུག་གསུམ་དྲག་པོ་སྦྲུལ་གྱི་ཟས་ཅན་སྙིང༌། །ཟག་མེད་ནོར་བུའི་ཆར་ཡང་བཻཌཱུརྻ་
ནམ་མཁའ་ལྡིང་རྫུས་སྐྱེས་རྣམས་ཀྱིས་དུག་སྦྲུལ་ཟོས་པའི་སྟོབས་ཀྱིས་འཆི་བའི་ཚེ། ལུས་མེར་བསྲེག་ཅིང༌། སྙིང་རིན་པོ་ཆེ་བཻཌཱུརྻའི་རང་བཞིན་དུ་འགྱུར་བ་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་ཆེན་ལས་བཤད།
གྱུར་བའི་རང་བཞིན་མཁའ་དང་འགྲོགས་པ་ཡི། །ཡོན་ཏན་གཅིག་ཏུ་སྟོན་པའི་སྣང་བས་སྤུད། །རྨོངས་པ་མཐའ་དག་འཕྲོག་པ་ཤེས་བྱའི་རབ། །སྔོན་མེད་ཡི་གེའི་ལུས་སུ་ཚངས་དབང་སྐྱེས། །དཔལ་གྱི་མགྲིན་པ་ཨནྡ་རྙིལ་ཁམས་ལས། །གྲུབ་པའི་
ཚངས་པས་སྦྱིན་སྲེག་བྱས་པའི་མེ་ནང་དུ་དཔྲལ་བའི་རྡུལ་ལྷུངས་པ་ལས་དབང་ཕྱུག་སྐྱེས་པ་རིག་བྱེད་ཀྱི་གཏམ་རྒྱུད་དང་སྦྱར་
ངོ་མཚར་རི་མོའི་ཕྲེང་བ་
ཧོར་ཡིག་གསར་དུ་གྲགས་པ་དེ་
བཀོད། །ཆོས་ལོག་མཁན་པོ་ཐ་ཤང་དལ་གྱིན་གྱི། །རྗེས་སུ་འབྲང་བའི་ཟིན་ཤིང་སྟོན་པ་བཅུར། །བདུན་ལྷག་ཉིད་ཀྱི་ལྟ་བ་ངན་པའི་གདོན། །ལུང་དང་རིགས་པས་ཚར་བཅད་རྗེས་སུ་གཟུང༌། །དམ་ཚིག་བཤེས་ཀྱི་མགོན་པོ་བྲན་བཀོལ་བའི། །རྫུ་འཕྲུལ་བསམ་མི་ཁྱབ་པའི་འདུ་འགོད་ཀྱིས། །ལས་རྣམས་ཐོགས་པ་མེད་པའི་སྒྲུབ་ཚུལ་ནི། །བདེན་པའི་དཔང་པར་ཀུན་གྱི་ཡིད་ཆེས་སྐྱེས། །རྒྱལ་པོ་དེ་ལ་ཕས་ཀྱི་རྒོལ་པ་པོ། །མི་བསྲུན་སོག་ལེའི་སེམས་སུ་འཆང་རྣམས་ལ། །ཁའུའི་བྲག་རི་གནམ་ལྕགས་གཏུམ་པའི་ཆར། །ཕབ་པའི་གཡུལ་ངོ་ཕྱིས་མི་བཤམས་པར་རློག །རིན་ཆེན་རྡུལ་བརྩེགས་ཕམ་བྱེད་རི་བོའི་རྩེ། །ལྔ་རུ་འཕགས་པའི་ཁང་བཟང་འཛེགས་པའི་ཚེ། །འཇམ་པའི་དབྱངས་ལ་ས་སྐྱའི་པཎྜི་ཏར། །རྒྱལ་བས་མཚན་དུ་བསྔགས་པ་དེ་བྱོན་ནས། །སངས་རྒྱས་ཐེག་པའི་ངེས་གསང་འཁྲུལ་མེད་པ། །ཉམས་ལེན་མངོན་པར་རྟོགས་པའི་གནད་ཐམས་ཅད། །བསྟན་པའི་དུས་དེ་ནས་གཟུང་ལོ་འབུམ་དང༌། །སྟོང་འདས་པ་ན་ཁྱོད་འཚང་རྒྱལ་འགྱུར་ཞེས། །སྲིད་ཞིའི་ཕ་རོལ་འགོངས་པའི་སྙན་སྒྲ་ནི། །མ་ལུས་འགྲོ་བའི་སེམས་ཀྱི་གཉའ་ཤིང་དུ། །བརྗིད་པའི་ཡང་དག་ལམ་རོལ་ཞུགས་པ་ལ། །སྐུ་བཞིའི་ས་བོན་ཐེབས་པའི་ནུས་པར་ལྡན། །སྨོན་ལམ་དཀར་པོར་ཡངས་དང་བྲན་དབང་ལས། །བྱུང་བའི་མི་འཇིགས་