R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༨༠
[A:༢༨༠]དབུགས་སུ་འབྱིན་པའི་ཁ། །ལེགས་པར་བྱེ་བའི་སྙན་ཚིག་རིག་པ་ཡིས། །བསྟོད་པའི་མེ་ཏོག་སྙིམ་པས་གུས་པར་མཆོད། །དེ་ཚེ་འཇམ་པའི་དབྱངས་སྐུའི་དལ་དངོས་ཀྱང༌། །བསྟན་པའི་སྤྱན་ལ་རབ་དགའ་སྤུངས་པ་ན། །འཕགས་པ་རང་མཉམ་འགྲན་བཞིན་བསྟོད་ཚིག་གིས། །སྙན་གྱི་དབང་པོ་དགྱེས་པས་གཏམས་པར་མཛད། །དུས་གསུམ་མངོན་པར་ཤེས་པའི་ས་དག་ལ། །སྤྱོད་པའི་ཡོན་ཏན་རྐང་པ་ལྔ་པའི་གར། །བསྒྱུར་བ་དམ་པའི་ཀུན་རྟོག་རི་མོའི་གསུང༌། །བདེན་པར་སྨྲ་བའི་ཟིལ་གྱིས་སུུ་ མ་མནན། །ཕྱོགས་བཅུའི་
གཤེགས་པ་དང་གཤེགས་མ་སེམས་དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོའི།
གདན་གསུམ་ཚང་བ་གཞལ་ཡས་ལྷའི། །ཁང་ཆེན་
མོར་གྲགས་པ་
ས་ཡི་སྟེང་དུ་ཤོང་དཀའ་བ། །ཁོར་ཡུག་འཇིགས་པའི་རྒོད་མ་ཁ་ཞོད་ནས། །རིང་མོར་སོང་བའི་ཚད་ལྡན་བཞིན་
རབ་རྟོག་གི་རྒྱན་ཕུལ་ཆེ་བ་
བཞིན་དུ་བཞེངས། །གཎྜཱིའི་སྒྲ་འོག་གཅིག་ཏུ་མི་མཇེད་ཀྱི། །ཞིང་གི་དགེ་འདུན་གང་གི་འདུས་པའི་ཚད། །ཐམས་ཅད་མཁྱེན་པ་ཀུན་གྱི་ཤེས་སྩོལ་བའི། །སྙིང་སྟོབས་ཕུང་པོའི་ཀློང་ལ་འབྲི་བ་མེད། །ཆོས་སྲིད་སྦྱིན་པ་ཡངས་པའི་དཔལ་གྱི་མངལ། །འཇིག་རྟེན་གསུམ་གྱི་མངལ་ན་ཆགས་པ་ཡི། །དགེ་ལེགས་སྐྱེ་བའི་ཟློས་བུ་དང་སྦྱོར་བའི། །བསྐལ་པ་འདི་ནི་བཟང་པོའི་མཚན་མས་ཕྱུག །དགེ་མཚན་མང་ཡུལ་སྐྱིད་པའི་གྲོང་ཁྱེར་དུ། །བཞུགས་ཚེ་དྲི་མས་དག་པའི་འོད་གསལ་མཁར། །འཇིག་རྟེན་དབང་ཞལ་ཟླ་བ་འབུམ་ཕྲག་ལས། །རྣམ་པར་རྒྱལ་བའི་དཀྱིལ་འཁོར་གཟིགས་པ་ན། །བསྔགས་པ་བརྗོད་པའི་ཨུཏྤལ་དཀར་པོ་ཡི། །དོག་པ་ཡིད་འོང་མཚན་མོའི་དཔལ་ཆེ་བ། །རྨི་ལམ་ཚལ་དུ་ཤར་བ་ཉིན་མོར་ཡང༌། །རྣ་བའི་རྒྱན་དུ་ཉམས་པ་མེད་པར་མཛེས། །དཔལ་གྱི་རི་བོའི་མགུལ་དུ་འཕགས་པ་ཀླུ། །གྲུབ་པའི་སྙིང་པོ་ཆེ་ལས་ཐེག་
དབུ་མ་རིགས་ཚོགས་ལ་སོགས་པ་
ཆེན་གྱི། །གཙུག་ལག་རྒྱ་མཚོ་འཐུངས་བའི་ཆོས་ཀྱི་སྤྲིན། །ཉིད་དུ་གྱུར་ལ་རབ་དགའ་དང་ལྡན་ཏེ། །བཅོམ་ལྡན་རིག་པའི་རྒྱལ་མོ་རྨ་བྱ་ཆེ། །སྲིད་པའི་དུག་ལ་མི་འཇིགས་ཞི་བ་ཡི། །གོ་འཕང་