[A:༢༨༡]འཇུག་པའི་གར་ལ་རྩེ་བཞིན་དུ། །མིག་ཟུར་ཞགས་པས་མངོན་དུ་གསལ་བར་གཟུང༌། །དཀར་པོའི་ཕྱོགས་སུ་ལངས་པའི་བ་སྤུ་ཡི། །འཁྲི་ཤིང་མུ་ཏིག་གོས་སུ་འཁྲུལ་འཛིན་པའི། །ལྷ་རྣམས་དད་པའི་དབྱིག་ཏུ་ང་ཆེར་ལ། །དཔུང་རྒྱན་འོད་ཟེར་
རབ་རྟོག་གི་རྒྱན་
འཐབ་བཞིན་མཆོད་བྱས་ནས། །སྲིད་པའི་སྤྱོད་ཡུལ་མིང་གི་སྒྲ་ཙམ་ཡང༌། །གང་ན་མི་གནས་བདེ་ཆེན་འབའ་ཞིག་པའི། །ཞིང་གི་མགོན་པོ་སྣང་བ་མཐའ་ཡས་ཀྱི། །སྲས་སུ་བཞེད་པ་ཇི་བཞིན་གཤེགས་པར་གྱུར། །ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་སྲས་
གཉིས་པ་སངས་རྒྱས་བླ་མེད་དུ། །བསྙེམས་པའི་གསང་བ་ཀུན་བདག་ཉིད། །མི་ཉིད་ཚུལ་དུ་འགྲོ་བ་ཡི། །མགོན་པོ་ཕྱག་ན་རྡོ་རྗེ་ཅན་ཞེས་བྱ་བ་ས་མོ་ཕག་གི་ལོ་ལ་འཁྲུངས་པ
། །སྐུ་གང་དག་པ་མི་ཟད་པ། །རྒྱན་གྱི་འཁོར་ལོ་འདུས་མ་བྱས། །ཡིན་ཕྱིར་རི་ངེས་བསྟན་གྱི་རྒྱན
་དང་ར་བ་ལ། །ཐོགས་པ་མེད་པའི་གར་གྱི་ཉམས། །བརྗིད་པའི་ཞབས་དག་སྟོང་པ་ཉིད། །མཚན་མར་འཛིན་པ་ཀུན་འགོག་པའི། །བརྟེན་པ་ལྷ་ཡི་ལྷར་མཉམ་ལ། །རྫུ་འཕྲུལ་བསམ་མི་ཁྱབ་པ་ཅན། །ཡང་དག་བསྐལ་མང་བགྲོད་དཀའ་ལ། །སེན་མོའི་ཁ་རིས་དགོད་བཞིན་དུ། །རྒྱལ་བའི་ས་དེ་སྐད་ཅིག་མར། །སྟེར་བྱེད་ལག་པ་མཐུས་རབ་རྟོག་ཕུལ་བྱུང་གི་རྒྱན་
བརྒྱན་པ། །དེ་ཕྱིར་སེམས་ཅན་ངན་འགྲོ་རུ། །ལྷུང་བར་གྱུར་ལ་སྙིང་རྗེ་ནས། །སྲོག་ཕྲལ་ཐམས་ཅད་གདུང་མེད་པའི། །མཚོན་གྱི་བསྐལ་པ་ཁྱད་པར་གྱི་རྒྱན་
མཚར་ཆེ་བ། །སྐྱེ་བའི་འཇིག་པ་གཅོད་པའི་མཆོག །སྦྱིན་པའི་རྣོ་རྒྱུན་འཇིག་རྟེན་ན། །ཁྱད་འཕགས་མཁའ་ལ་སྤྱོད་པ་ཡི། །ཕུལ་བྱུང་གི་རྒྱན་
རལ་གྲིའི་བྱ་བ་འདི་ལ་གྲུབ། །དེས་བསད་སྐལ་བར་ཡང་ལྡན་ལ། །གསོ་བྱེད་རྡོ་རྗེའི་མན་ངག་གི །འཐོར་འཐུང་འཆི་བ་འབྲོས་པའི་ཆར། །འབེབས་པར་ནུས་པའི་སྙིང་པོ་འཆང༌། །འབྲེལ་ཚད་བདེ་བར་གཤེགས་པ་ཡི། །རྒྱུད་ལྡན་ཐབས་ཤེས་ཕུལ་བྱུང་བའི། །བདག་ཉིད་གྲུབ་པའི་མངའ་གཅིག་