R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༨༢
[A:༢༨༢]གིས། །ས་འོག་རྨོངས་པ་ཀུན་བཅོམ་
ཁྱད་པར་གྱི་རྒྱན་
ལ། །གདེངས་ཅན་རྒྱལ་པོ་བགྲང་ཡས་ཀྱིས། །མཆོད་པའི་དལ་འབབ་གཏེར་བརྟོལ་བར། །མདའ་ཆུ་ཁྲོན་པར་གྲགས་པའི་རླབས། །ད་ལྟ་ཡང་ནི་ཉམས་པ་མེད། །ཉིན་མོའི་མགོན་པོ་སུ་ཞིག་ལ། །ལྟོས་མེད་མི་བདེན་འོད་ཀྱི་ཟེར། །དེ་ཡི་འཁོར་གསུམ་འཛིན་པ་ཡི། །གཡོག་ཏུ་ཡང་ཡང་
འགོག་རྒྱན་
འཆར་བར་བརྩོན། །ནམ་མཁའི་ལམ་རིང་ངལ་མེད་དུ། །བརྒལ་བའི་བགྱི་བ་
འཁོར་གསུམ་འཛིན་པའི་ལས་
དེར་ཞུགས་པས། །སྲིད་པའི་མིག་ཅེས་གཙུག་ཀུན་ན། །མཆོད་པ་དེ་མཐུས་ཡིན་
རབ་རྟོག་གི་རྒྱན་
ནམ་སྙམ། །ཞེ་སྡང་འཁོན་གྱི་མེ་སྤངས་པའི། །བརྟུལ་ཞུགས་དྲག་པོར་འབར་བ་ཡིས། །ཉོན་མོངས་ས་ཡི་ཡུལ་བསྲེགས་ནས། །འཁོར་དང་མྱང་འདས་གཉིས་མ་གྱུར། །རྡུལ་བྲལ་དག་པ་འབའ་ཞིག་ཏུ། །བྱེད་པོ་ཡ་མེད་གསར་པ་ཡི། །དབང་དུ་འགྲོ་བ་གསུམ་སོང་བའི། །སེམས་དེ་བགེགས་རྣམས་ཀྱིས་མ་ཁུགས། །དེ་ལྟར་སྙིང་གི་སྟོབས་ཕུང་པོ། །ཕ་རོལ་མེད་པའི་དམ་བཅའ་ཡི། །རྩ་བ་བརྟན་པར་ཟུག་པའི་གནས། །
སྤྲུལ་པའི་སྐུ་གང་ནས་བྱོན་པའི་ཞིང་
ལྕང་ལོ་ཅན་ཞེས་བྱ་བར་གཤེགས། །གཞན་ཡང་གསང་བ་ཚད་དུ་མེད་པའི་དབྱངས་ལས་སྐྱེ་བས་མངོན་མཐོ་བ། །བྱང་ཆུབ་སྙིང་པོའི་ཡིད་འོང་ལྗོན་པ་རྣམ་པར་རྒྱས་པའི་ཡལ་ག་ཅན། །དགེ་བའི་ལོ་མ་འབྲས་བུས་ཕྱོགས་རྣམས་རྫོགས་པ་གྲངས་སུ་རྩིར་མི་ཕོད། །དམ་པའི་གྲིབ་ཀྱིས་ཤིན་དུ་བསིལ་བའི་ཡང་
བསྡུས་པ་བརྗོད་པའི་རྒྱན་
རབ་མཆོག་འགའ་བདག་བརྗོད་འདོད། །ཆོས་ཚུལ་ཕ་མཐའ་མེད་པའི་རྗེས་འགྲོ་མཁན། །ཀློག་པ་ཀུན་གསལ་བུ་མོའི་འགྲམ་པ་ནི། །དྲི་མས་སྟོང་པའི་རེག་བྱ་མི་འགྱུར་བདེ། །ཕུན་ཚོགས་ལང་ཚོས་དྲེགས་པའི་སྒེག་ལྡན་མ། །དེ་ལྟར་
བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་དེའི་
བཤད་པའི་བཀའ་ཡི་ཤིང་རྟ་ཆེ། །འཁྱོག་པོའི་ལམ་མ་ཞུགས་པར་འདྲེན་པ་ལ། །བསྙེངས་པ་བྲལ་ཞིང་སྤོབས་པའི་གྱེན་མིག་ཅན། །རིག་པའི་སེང་གེ་རྐང་པ་བརྒྱད་པ་