[A:༢༨༣]དང༌། །རྣམ་དག་སྤྱོད་ཡུལ་གཞན་གྱིས་མི་འཕྲོགས་པའི། །ཤེས་བྱའི་རབ་གྱུར་ངོ་མཚར་སྤྲུལ་པའི་བློ། །མཚུངས་མེད་མཁས་པའི་བྱ་བ་གསུམ་མཐར་ཕྱིན། །བཟོད་པའི་ཁུར་དུ་བརྟན་པའི་ཁང་གཉན་ཞང༌། །ཆོས་དཀར་སྣང་བ་འབྱམས་པའི་ལུང་པ་ནས། །དགེ་བའི་རང་བཞིན་དར་ལ་བབ་པའི་མ། །ཞེས་པར་སྙན་པའི་རྒྱལ་རྔ་སྲིད་རྩེ་ལ། །བརྒལ་བའི་མཚན་ཉིད་ཀུན་དང་ལྡན་པ་ཅན། །དོན་གཅིག་ན་ཡང་ཐབས་ཀྱི་དབྱེ་སྒོ་མང༌། །སྡིག་པའི་གཡུལ་ངོ་དཀའ་བ་མེད་པ་རུ། །བཅོམ་པའི་དངོས་གྲུབ་གཉིས་ཀྱི་འབྲས་འབྱིན་པ། །གསང་བ་སྔགས་ཀྱི་ཐེག་པའི་རྒྱུད་འཛིན་དུ། །གདུང་བའི་ཁྱད་པར་མ་ལུས་སྐྱོབ་པའི་དཔལ། །གཞོམ་མེད་རྡོ་རྗེའི་འོད་དུ་འབར་བའི་ཟེར། །མི་འཇིགས་
མཁན་པོ་
གྲགས་པ་སེང་གེའི་སྒྲ་ལྡན་པ། །ཡར་ལུངས་པ་
མངོན་པར་བྱང་ཆུབ་པ་ཡི་རྒྱལ་མཚན་འཆང༌། །སྐུ་ཞང་
རྒྱལ་བའི་དཔལ་འབྱོར་རྩེ་བའི་ཡུལ་དམ་པ། །མཚུངས་པ་མེད་པའི་ཤར་པ་
ཤེས་རབ་འབྱུང་བའི་གནས། །སྲིད་ལ་ངེས་པར་འབྱུང་བའི་གུར་པ་
སྐྱོ་བའི་སྟོན་པ་དྲི་མ་མེད། །ཐར་པ་ཆེན་པོའི་འཚོ་བྱེད་རིན་ཆེན་གྲགས། །གཙང་ནགས་ཕུག་པ་
འཇམ་པའི་དབྱངས་ལྡན་ལྷ་ཡི་ཤེས་རབ་འོད། ཡང་དག་ཁོང་ནས་བཞད་པའི་འཛུམ་ཟེར་ཅན། །འཕགས་ནོར་བདུན་གྱིས་ཕྱུག་ཆེན་ཕྱ་རུ་བ། །ལྷུན་གྱིས་གྲུབ་པའི་དཔལ་དེ་འདི་ན་བཟང༌། །དོན་དམ་དབྱིངས་ན་སྦས་པའི་རྒྱ་བཀྲོལ་ཏེ། །ཐེག་པ་ཀུན་གྱི་སྙིང་ནི་འདར་ལྡན་པ། །བླངས་པའི་སྙིང་པོ་འདི་ན་ཟབ་རྒྱ་ཆེ། །ཐབས་ཚུལ་མན་ངག་སྟོན་པའི་རྒྱུད་འཛིན་དུ། །དེ་ཉིད་རིགས་པའི་འཁོར་ལོ་མུན་འཇོམས་པའི། །ངང་ཚུལ་བདེན་པའི་སྲང་ལ་གཞལ་བའི་འོད། །ཀུན་ལ་ཁྱབ་བྱེད་སྣང་བ་ཤིན་ཏུ་དམར། །ཆོས་ཀྱི་རྒྱལ་པོ་སྨྲ་བའི་ཉིན་མོར་བྱེད། །ལྷོ་ཕྱོགས་སུ་གྱུར་པ་
འཛམ་གླིང་འདི་ན་ཀུན་མཁྱེན་པའི། །སྐྱེས་བུ་རིན་ཆེན་ཉིད་གྱུར་ཤེས་ཆེད་དུ། །དཔྱོད་ལྡན་རྣམས་ཀྱི་གཙུག་ན་འཕགས་པའི་དཔལ། །མི་དམན་