R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༤༨
[A:༡༤༨]ལས་རྒྱལ་བའི་ང་རྒྱལ་ཅན། །ལྷུན་གྱིས་གྲུབ་པ་དྲག་པོའི་སྐུར་བསྟན་པས། །བདུད་ཀྱི་དགའ་མ་
བཀྲག་པ
འི་མངལ་
ས་ལ་
ལྷུངས་
པར་གྱུར་པ་འཇིགས་རུང་གི་ཉམས་རྒྱན་
དེ་བཞིན་དུ། །
རྡོ་རྗེ་འཛིན་པ་དེའི་བཀའ་ལ་སེམས་ལྡན་དུ་མ་ཟད་
ཕྱི་རོལ་སེམས་མེད་པ་ཡི་བེམས་ཆོས་
ཐམས་ཅད་
ཀྱང༌། །འཇིགས་
པ་
དང་
བཅས་པས་
བཀའ་ལ་ཉན་པ་ཚད་མས་གྲུབ་
སྟེ
། །གཟུགས་མེད་འབྱུང་པོའི་ཁྱིམ་གྱི་ཕ་བོང་
གི་
ཚོགས་
ཀྱང་
། །
རྗེ་བཙུན་ཆེན་པོའི་མཐུ་སྟོབས་ཀྱིས་དེད་པས་
སྲོག་བཅས་བཞིན་དུ་འབྲོས་བཞིན་ཕ་མཐར་སོང་
པ་ཡིན་ལ། རྣམ་ཐར་ཁ་ཅིག་ཏུ་མོན་རྡོ་རྗེ་རཱ་ཛས་ས་བདག་གི་གནས་སྤྲོས་པའི་ཕ་བོང་རྣམས་སོང་ཞེས་པ་ནི་མ་དག
།ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱིའི་ཞབས། །འབྱུང་པོ་ལུས་མེད་ཀུན་གྱི་སྤྱི་བོས་ཀྱང༌། །མཆོད་པ
འི་ཕྱི
ར་
པཎ་ཆེན་དེའི་
རྗེས་སུ་འབྲང་
བའི་རྒྱ་འདྲེ་
འགས་འགྲོ་བ་ལ། །འཚོ་བའི་བྱེད་
པ་
པོ
ར་གྱུར་པ་
དེ་དག་
རྗེ་བཙུན་དེ་ཉིད་ཀྱི་ནུས་པས་
རྒྱང་བསྲིངས་
ཏེ་
བསྐྲད་
དོ
། །སྟོང་པ་ཉིད་ཀྱང་
རྗེ་བཙུན
་གང་གི་གཞལ་ཡས་ཀྱི། །ཁང་པ་ཡིན་
པའི་
ཕྱིར་གནམ་སྔོན་རྟ་བབས་
ཏེ་ནམ་མཁའ་
ལ། །རྡོ་རྗེ་དྲིལ་བུ་བཞག་པའི་སིལ་སིལ་
གྱི་
སྒྲ་
དེ་ནི
། །འབྲེལ་ཚད་མངོན་པར་འཚང་རྒྱ་
འི་ལུང་སྟོན་
པ་རབ་རྟོག་གི་རྒྱན་
བཞིན། །ནམ་ཞིག་ཉི་མ་གདུག་པའི་སྒྲ་གཅན་གྱི། །ཟ་བྱེད་མཆེ་བ་གཟེངས་པའི་གྲིབ་མ་ནི། །བཟོད་
པར་
དཀའ་
བ་སྟེ་
ས་ལ་རི་མོར་ཤར་
བ་དང་
འདྲའི་
བར་ས་རིས་ཀྱི་ནང་དུ་ཉི་མ་སྒྲ་གཅན་གྱིས་འཛིན་ལ་
དོན། །པཎ་ཆེན་དེ་
ཤཱཀྱ་ཤྲཱི་
ཡིས་ཡི་གེར་སྦྱར་བ་ན། །ཕྱི་རོལ་ཉི་ཟླ་ཡང་འཇིགས་མཐུ་ཆེན་
གྲགས་པ་རྒྱལ་མཚན་
དེའི། །རོ་རྐྱང་དག་ལ་སྐྱབས་སུ་སོང་བཞིན་སྲོག་
ཉི་ཟླའི
། །གཟུང་བ་ལས་ནི་དུས་མེའི་འཇུག་པ་ཡང༌། །
ཉི་ཟླ་དང་ཐ་དད་དུ་
བསྐལ་ཏེ་
སྐྱེངས་པར་གྱུར་པའི་སྒྲ་ཅན་དེ་ཉིད་
བལྟར་མི་མངོན་གྱི་རྫུ་ལ་
རབ་རྟོག་གི་རྒྱན་
བརྟེན། །
གཟའ་འཛིན་འབྱུང་རྒྱུའི་
ཐུན་ཚོད་དེ་ལས་ཡོལ་ཚེ་ནམ་མཁའ་ཡི། །
ཉི་མའི་བགྲོད་པ་བཀག་སྟེ་གཟུང་བ་དེ་
ནོར་བུ་གཞན་གྱི་དོན་ལ་བཏང་
བར་མཛད་ལ་
མ་ཐག་
ཏུ
། །རིན་ཆེན་
གྱི་འོད་
རབ་
ཏུ་
འབར་
བའི་
སྣང་གསལ་
གྱི་
མཆོད་པ་
ཕུལ་བ་
དང་
ལྷན་ཅིག་ཏུ
། །
རང་འགྲོས་དང་རླུང་འགྲོས་ཀྱི་
གཤེགས་སྟབས་གཉིས་སུ་བསྐོར་བ་བྱེད་
པ་
བཞིན་
དུ་
རྒྱུུ་
རབ་རྟོག་གི་རྒྱན
། །རྗེ་བཙུན་དེ་ཉིད་གངས་ཅན་རུ་བཞིའི་གཡས། །བྱང་གི་ཉི་ལུང་ཕུག་པར་རིམ་གཉིས་ཀྱི། །ཏིང་འཛིན་ཟབ་
པ་
དང་རྒྱ་ཆེར་རོལ་པ་ཡིས། །ཀུན་