[A:༢༨༤]ཞི་བའི་བཅུད་ཀྱིས་ལེན་པ་ཅན། །གསང་ཆེན་ལྟ་བའི་ཆོ་འཕྲུལ་དཀར་པོའི་རྩེར། །སྤྲོས་བྲལ་མངོན་སུམ་རྟོགས་པའི་ལག་སོར་གྱིས། །བདེ་བ་ཆེན་པོ་ཟིན་པའི་ལོངས་ཉིད་ལ། །སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་བརྒྱན་པའི་ཏོག །སྟོང་པ་བདག་མེད་སྙིང་རྗེས་བརླན་པའི་ཆུས། །ཡིད་སྲུབ་སེམས་ནི་མྱ་ངན་མེས་ཚིག་
མི་འོས་པའི་རྒྱུའི་རྒྱན་
ལ། །ནག་པོའི་རྩ་ལག་ཟད་དང་དགེ་ལེགས་ཀྱི། །འབྱུང་གནས་སྲིད་ལས་རྒྱལ་བ་ཡང་དགོན་པ། །མཆོག་གི་དངོས་པོའི་ཚོགས་ཀྱི་འབྱོར་པའི་ཚད། །སྒོམ་དང་ལྷ་མེད་སྔགས་ཀྱི་སྒྲ་སྤངས་པའི། །རང་བཞིན་ཀུན་དགའི་གཉེན་གྱུར་རྒྱ་ཆེའི་དཔལ། །རྟག་པ་ཆོས་ཀྱི་དབྱིངས་འབྱིན་མཁན་པོ་དང༌། །རྡོ་རྗེའི་སྦྱོང་མཆོག་མཐུ་ཡིས་འཁོར་བ་ལས། །རྣམ་པར་རྒྱལ་བའི་མཚན་མ་ཁམས་གསུམ་ན། །ངོམ་དང་ཆེ་བར་གཉེན་པའི་ཏོག་མཐོ་བ། །སྙིང་པོའི་རྒྱལ་མཚན་ནུབ་པ་མེད་པར་བསྒྲེངས། །གྲུབ་པ་ཆེན་པོའི་ལོངས་ལ་སྐྱོད་པའི་ཤུགས། །ཐོབ་པའི་སེམས་རླབས་ཏིང་ངེ་འཛིན་གྱི་ཡོན་ཏན་རྒྱན་
མང་དུ་གཉེར་བ་ཡིས། །ཡོན་ཏན་ཐམས་ཅད་ཁྱེར་བའི་རྒྱུན་དེ་ནི། །ཆད་པ་མེད་པའི་དཔལ་དང་ལྡན་པ་བྱུང༌། །དེ་ལྟར་ས་སྐྱ་པའི་གདུལ་བྱ་ཆོས་བཞིན་སྤྱོད་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། སྡིག་པའི་ཚན་ཇི་ཙམ་ཆེ་ཡང་མཆོག་གི་གོ་འཕང་ལ་ཁྲིད་པར་མཛད་པ་ཡིན་ཏེ།
ཆོས་དང་སྲིད་ཀྱི་གཙུག་ལག་གཉིས་ལྡན་དུ། །ཆེན་པོའི་ལས་ཀ་འཛིན་པའི་དཔོན་ཆེན་
ཤཱཀྱ་བཟང༌། །དུས་ཀྱི་སྙིང་པོ་མ་ལུས་འཐུངས་པའི་མཐའ། །མི་རྟག་འཇིག་རྟེན་ཕ་རོལ་སར་འདས་ལ། །སྡུག་བསྔལ་འབྱུང་གནས་བདེ་བ་འཇོམས་བྱེད་པའི། །སྡིག་པའི་ཁུར་དུ་ལྕི་བ་དེ་གང་དུ། །སྐྱེ་བར་
འགྱུར་རམ་དགོངས་ཏེ་འབྲི་ཁུང་པ་
སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས། །ལྷ་མིག་རྣམ་པར་དག་པས་གཟིགས་པ་ན། །དེར་ནི་མཁའ་ལ་ས་སྐྱ་པཎྜི་ཏ། །ལ་བའི་བེར་དཀར་གསོལ་བ་དེ་བྱོན་ནས། །ཉམ་ང་དམྱལ་བའི་མེ་བོ་ཆེ་གསོད་པར། །ཕུ་ཐུང་སྤྲིན་གྱི་དཔྱངས་ཐག་རིང་བརྐྱང་སྟེ། །ཤཱཀྱ་བཟང་པོར་
ཐར་