[A:༢༨༥]པ་ཆེན་པོའི་གྲོང་དུ་གྲོངས་སང་ཚེ། །
འབྲི་ཁུང་པའི་ཐུགས་ལ་
ཡོངས་འཛིན་དེ་ཡིས་ཟིན་ན་ཀུན་ཀྱང་བླའི། །དགེ་སྡིག་འབྲས་བུ་གཅིག་ཏུ་དཀར་བས་ན། །ལས་ཀྱི་མེ་ལོང་འཛིན་དེ་ངལ་བར་དགོངས། །གཅིག་ཏུ་མ་ཡིན་བགྲང་བ་ལས་འདས་པའི། །ཞིང་ན་སེམས་ཅན་བསམ་པའི་དབང་ཤེས་སུ། །སྤྲོ་དང་བསྡུ་དང་ཆོས་ཀྱི་གོ་འབྱེད་སྐུ། །སྣ་ཚོགས་སྟན་པའི་མཛད་པ་མཐར་མི་གཏུགས། །དེ་ཡང་རིགས་རྣམས་ཀུན་གྱི་གཙོ་བོས་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་
སྔོན། །ལུང་དུ་བསྟན་པའི་འཁོར་ལོས་སྒྱུར་བྱས་པ། །གཟུགས་ཅན་བརྗོད་དང་བྲལ་བའི་རྣམ་པར་ཐར། །ཆུ་ཟླའི་ཚུལ་གྱིས་རི་མོར་དགོད་པ་ཅན། །ཟླ་བ་ནོར་བུའི་ས་གཞི་ངོས་གཅིག་ཏུ། །དག་པའི་གནས་ཚད་སྟོན་པའི་འཛུམ་དཀར་གྱིས། །ཞིང་ཁམས་ཀུན་གྱི་སྙིང་པོ་འཐུངས་གྱུར་པའི། །མངོན་པར་དགའ་བས་རྟག་ཏུ་མྱོས་པ་ན། །ཟག་པ་ཟད་པའི་མཐར་ཐུག་ཡེ་ཤེས་ཀྱི། །ལུས་སུ་ལེན་ཚུལ་གཅིག་ལ་དུས་གསུམ་ཁའི། །འདྲེན་པར་བོད་པའི་རྒྱལ་བ་ཀུན་རང་བཞིན། །དྲི་མ་མེད་པའི་དཔལ་དུ་མངོན་སངས་རྒྱས། །ངེས་པ་ལྔ་ཉིད་ལྡན་པའི་ལྡིང་ཁང་ན། །ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྒྲ་བརྙན་དང༌། །མཚུངས་པར་རྟོག་པ་སྤྲུལ་པའི་གཞི་མེད་པས། །སེམས་ཅན་དུ་མའི་དོན་བྱེད་པ་རུ་གྱུར། །དངོས་དེ་སྲིད་ན་ཉེ་བར་མི་གནས་ཀྱང༌། །ད་དུང་གྲིབ་སྔོན་མེད་ཀྱི་དཔེ་རྒྱན་
འོད་ཤེལ་ལྟར་དཀར་བ་ཡིས། །འཇིག་རྟེན་མུན་དང་བྲལ་བའི་དྲིན་སྟེར་མཁན། །སྣང་བའི་རྒྱལ་པོ་ས་སྐྱ་པཎྜི་ཏ་
འདི་ལ་ཕྱག་འཚོལ་ཞིག །ཐར་པའི་སྒོ་ཆེན་འགེགས་པའི་གྲུབ་མཐའ་རྣམས། །འཇིག་པའི་མཚན་མ་བཟང་པོས་ཤིས་པའི་རོ། །གསང་བ་སྔགས་ཀྱི་སྟོབས་སུ་ལངས་བྱས་ཏེ། །དངོས་གྲུབ་ཆེན་པོ་གཉིས་ཀྱི་གང་རྒྱངས་བཞད། །ཡི་དམ་ལྷ་དང་བར་ཆད་འདྲེ་གཉིས་པོ། །ནོར་བ་མེད་པའི་བྱིན་རླབས་རྒྱུད་མང་དུ། །རྟག་པར་