[A:༡༥༤] །རྒྱལ་པོ་བསོད་ནམས་མཐའ་ཡས་
ཞེས་བྱ་བ
་དེ་ཉིད
་ལ་ནི། །མཚུངས་པར་སྲས་པོ་ཡོན་ཏན་མཐའ་ཡས་སུ། །འཁྲུངས་ནས་སངས་རྒྱས་ཀྱི་
ཞིང་མང་པོ་
ཉིད་སྦྱོང་བར་
བྱེད་ལ། །དེ་ནས་
སྐྱེ་བ་གསུམ་པར་བླ་ན་མེད་པ་ཡི། །རྣམ་པར་འདྲེན་པ་སྟེ་རྫོགས་པའི་སངས་རྒྱས་
མངོན་དུ་མཛད་པའོ། །སྲས་གསུམ་པ་
སྲིད་ཞིའི་དཔལ་དེ་མི་དམན་ཞིང་
ཆེན་པོའི་འོད་འབར་བ་ལྕགས་ཕོ་རྟ་ལོ་པ
། །ཡང་དག་པའི་འཕགས་པ་འཇམ་དཔལ་གྱི་
སྐྱེ་བ་ས་སྐྱ་པཎྜི་ཏ
འི་ཡབ་གཅིག་ཏུ་གྱུར་པ
་བཻཌཱུརྻའི
། །རང་བཞིན་བཟང་པོར་འདྲེན་པ
འི་པཀྵུ་ནི་
བོད་འདི་ལ། །ཆོས་དང་སྲིད་ཀྱི་
དྲིན་ཅན་རྟ་མཆོག་གི་
ཁ་ལས་
འབབ་པ་
ཁྱོད་ཅིག་གྲང་ངོ་
། །མཁའ་མཉམ་མུན་པ་བཅོམ་པའི་སྣང་བ་ཆེན་པོ
། །རྒྱལ་བའི་དམ་ཚིག་དཔེ་མེད་ལུ་གུ་རྒྱུད་ཀྱི
། །བར་མ་ཆོད་པའི་ཡབ་མེས་རྣམས་ཀྱི་
ཆོས་ཚུལ་ལ། །དྲན་དབང་སྟེ་མཁས་པ་དང
་གྲུབ་པའི་འཁོར་ལོ་ཟུང་འཇུག་ཏུ་
སྡོམ་པའི་བདག་ཉིད་ཆེན་པོ་དེས
། །ཤ་ཟ་འབུམ་སྡེ་ཁྲོས་པའི་དམག་ཚོགས་ཀྱི། །ཁ་རླངས་དུ་བའི་འཁྲི་ཤིང་འཁྱོག་པོའི་པར་གཡོ་བ་
རྩེར་མོ
། །སྐྱེ་འགྲོ་ཀུན་གྱི་
སྲོག་ལེན་པའི་བྱེད་པ་པོ་ལས་ཀྱི་
གཤིན་རྗེའི་མེ་ཏོག་རབ་ཏུ་
རྒྱས་པའི་ཚལ་གཟུགས་ཅན་གྱི་གཟུགས་ཅན་མཚར་བའི་རྒྱན་ཆེན་པོར་གྱུར་པ
། །ཞིང་སྐྱོང་དུར་ཁྲོད་ཀྱི་
བདག་པོ་དེ་ཉིད་
བྲན་དུ་བཀོལ་བར་མཛད་ཅིང་
། །གཞན་ལ་ཕན་པ་འབའ་ཞིག་
ལྷུར་ལེན་པར་མཛད་པའི་
སྙིང་གི་སྟོབས་ཆེན་པོའི་རང་གཟུགས
། །ལུས་ཅན་ཀུན་གྱི་
ཟུངས་སུ་འགྲོ་བའི་གསོ་བ་
རིག་པ་ནི། །རྣམ་པར་
དག་པས་འགྲོ་བའི་
འཚོ་བ་རྡོ་རྗེའི་དངོས་པོ་དང་
འདྲ་བ་
རུ། །བྱེད་པའི་ཡོངས་འཛིན་སྨན་གྱི་བླ་མ་
བླ་གཉིས་པར་གྲགས་སོ
། །གང་ཞིག་རིགས་ཀྱི་ཁྱད་པར་མཆོག་དེ་
རྒྱལ་བའི་བདག་པོའི་གཙུག་ཏོར་དང༌། །མཉམ་པ་
ཉིད་དུ་
མངོན་པར་
མཐོའི་རྩེ་མོ་སུའི་ཀྱང་
དཔག་ཏུ་མེད་པའི་དགེ་ལེགས་ཀྱི། །སྣང་བ་དེ་དག་
སྲིད་དང་སྲིད་པ་
ལས་འདས་པའི་འདྲེན་བྱེད་དེ་མིག་
སྟེང་ཁོ་ན་ཉིད་
དུ་ནི། །བལྟ་བར་
གྱུར་པའི་གནས་
བླ་ན་སྟ་གོང་དུ
་མཆོད་པར་བྱ་བའི་རྣམ་པར་
རོལ་པ་
ཅི་ཡང་ཡིན་ནོ
། །འཇམ་དབྱངས་མིའི་སྲིད་པ་འཛིན་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བསྐལ་པ་བཟང་པོའི་ལེགས་ལམ་ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིགས་ཀྱི་མཆོག་ཏུ་ངེས་བྱེད་གླེང་གཞིའི་སརྒ་དེ་དང་པོའོ།། །།བཀྲ་ཤིས་གང་ཞིག་སྲིད་པ་གསུམ་གྱི་སྙིང་ལ་གནས་