[A:༡༦༧]རྫོགས་པ་ཡི། །སངས་རྒྱས་སྟོང་དུ་རབ་འཁྲུངས་པའི། །བསྐལ་པ་འདི་ནི་བཟང་ངོ་ཞེས། །
སྔོན་བསྐལ་པ་མཛེས་པར་སྣང་བ་ལ་འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་པ་ཞེས་བྱ་བར་ཕོ་བྲང་རྣམ་པར་དག་པ་ཅན་དུ་གླིང་བཞི་ལ་འཁོར་ལོས་སྒྱུར་བ་
ཡུལ་འཁོར་སྲུང་རྒྱལ་སྙེམས་མ་བྱེད། །དེ་རྣམས་
ཀུན་གྱི་
ཡོན་ཏན་གྱི་
ཚོགས་མ་ལུས་པ
། །གཅིག་ཏུ་འདུས་པ་དེ་ཉིད་
སེམས་དཔའ་འདིའི། །ས་བོན་ལ་ནི་དུས་གསུམ་གྱི། །རྒྱལ་བ་ཐམས་ཅད་
སོང་བའི་ཡབ་དེ་ངེས་པར་
མཚར་མི་ཆེའམ
། །དེ་སྐད་ལྷ་རྣམས་ཀྱི་
གཟུགས་ཀྱིས་མཁའ་ཡང་འདི་དོག་མོར
། །བཀང་ཕུལ་བྱུང་གི་རྒྱན་
བས་རིང་ཞིག་རང་ཡུལ་ལྷ་
གནས་སུ། །འགྲོ་བར་མ་ནུས་པས
་སོ་སོ་ནས། །དེ་ལྟ་བུའི་
གཏམ་གྱི་བདུད་རྩི་ཟས་སུ་བྱེད་དོ
། །དེ་ནས་ཐོག་མཐའ་བར་གྱི་དུས་ཐམས་ཅད་
དགེ་བའི། །སློབ་དཔོན་དུ་གྱུར་པ་རྗེ་བཙུན་
བསོད་ནམས་རྩེ་མོ་དེ་
ཡི། །ཕང་པར་སྟོབས་བཅུའི་དབང་ཕྱུག་སངས་རྒྱས་ཉིད་
ལ། །རྒྱལ་བའི་སྲས་པོར་བོད་པ་
དེ་བཟུང་ནས
། །ཡིད་སྲུབ་སྟེ་འདོད་ལྷའི་
གཡུལ་ངོ་ལས་རྒྱལ་བའི། །བ་དན་ལྟར་དཀར་བའི་
འཛུམ་གྱི་ཕྲེང་བ
། །སེམས་ཅན་རྣམས་
སྲིད་པའི་ཆུ་གཏེར་ལས་
ཕ་རོལ་དུ། །སྒྲོལ་བར་
བྱེད་པའི
་མངོན་དུ་གསལ་བ་བཞིན་
མཛེས་པར་བསྟན་ཏེ
། །ཉོན་ཅིག་ཅེས་འཁོར་འདུས་པ་རྣམས་ལ་གདམས་ནས་
རྩོད་དུས་འཕྲོག་པའི་དགྲ་བདོ་གྱུར་ཅིང་
། །རྫོགས་ལྡན་སྦྱྀན་པའི་རྩ་ལག་ཆེན་པོ
། །འཇིག་རྟེན་དང་
འཇིག་རྟེན་ལས་
འདས་པའི་
སྙིང་པོའི། །གཟུགས་ཅན་འདི་ནི་
འཇིག་རྟེན་གསུམ་གྱི་
མཆོད་པའི་
གནས་ཡིན་ལ
། །འདི་ལ་སུམ་ཅུ་རྩ་གཉིས་ཀྱི་
མཚན་དང་
། །དཔེ་བྱད་བརྒྱད་ཅུ་རྩ་གཉིས་ཀྱི་
རྣམ་པར་
བཀྲ་བ་འདི་དག །
ཨེ་མ་སླད་ནས་
འབྱོན་འགྱུར་གྱི་
རྒྱལ་བ་
རྣམས་ཀྱི། །དཔེར་མཛད་པའི་
དོན་དུ་འཁྲུངས་སམ་རབ་རྟོག་
སྙམ་མོ
། །གང་དེ་
བལྟམས་རྩམ་
ཉིད་ན་ཤེས་བྱ་ལ། །ཡོད་པའི་དགེ་ལེགས་ཅི་མཆིས་པ་ཐམས་ཅད
། །འབད་པ་
མེད་པར་
ལག་རྩེར་གྲུབ་པས་ན། །དཔལ་ལྡན་དོན་གྲུབ་ཞེས་མཚན་དུ་
གསོལ་ལོ
། །སྲིད་པ་ཟད་པ་
མེད་པའི་
ཁེངས་པ་ཁྱོད
་ནི། །དེ་ནས་
ནམ་མཁའི་མཐའ་ལ་མ་འཛེག་ཅིག །ཅིའི་ཕྱིར་ན་སྐྱེས་བུ་
འདི་ཡི་མིང་གི་ཡི་གེའི་རྔ་ཆེན་པོ
། །བརྡུངས་བ་ཙམ་གྱིས་འཁོར་བ་འཇིགས་རུང་གི་ཉམས་རྒྱན་
འཇིག་པར་འགྱུར་བའི་ཕྱིར་རོ
། །དེའི་
སྐུར་ནི་རེག་པ་ལས་འོངས་པའི། །རྫི་རླུང་འཇམ་པོ་ཕོག་པ་
ཙམ་ན་ཡང་
། །མ་