[A:༡༦༨]རིག་
པའི་
རྩ་བ་སྦོམ་པོ་དང་ལྡན་པ་
ཡི། །ལྗོན་པ་གྱོང་པོ་
རེངས་པ་དེ་དག་
སྒྱེལ་བ་
ལ་ངེས་པར་
རྩུབ་བོ་འགལ་རྒྱན
། །སྡེ་བཞིའི་
རེ་བ་གང་ཡིན་པ་
མཐའ་དག་ཆར་པ་རུ། །འབབ་ན་ཐར་འདོད་ཀྱི་གང་ཟག་
ས་རངྒ་སྟེ་ཁུག་རྟ་རྣམས
། །ཆོས་ཀྱི་སྤྲིན་པ་ཉག་གཅིག་ལ། །ཡེངས་མེད་ལྟ་བའི་ངལ་བས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ་ འགོག་རྒྱན
། །ལེགས་ལྡན་འགྲོ་བ་རྣམས་
ལ་ལེགས་བྱས་ཀྱི་
ཚོགས། །སྡུག་པོར་སྦྱིན་པ་
མང་ཞིང་དེ་དོན་ལ་
གདུང་བ་
མེད་པ། །བསྔགས་པར་
འོས་པའི་
ཡ་མཚན་ཤིན་ཏུ་
ཡངས་པ་འདི་
ཡི། །ཁོར་ཡུག་གི་
ཁོངས་སུ་སུ་ཞིག་
མ་ཚུད་དེ་ཐམས་ཅད་ཚུད
། །འཁྲུལ་པ་མེད་པའི་ཆོས་
ལམ་བཟང་པོའི་སྲོལ
། །ཕྱེ་བའི་མཐུ་དང་ལྡན་པའི་
དཔུང་པས་དོན་དམ་པ། །ཕྱིར་མི་བཟློག་པའི་ས་ཀུན་ནི། །འཁྱེར་བར་
བཟོད་པའི་ཕ་རོལ་ཕྱིན་པས་སྟེར་བར་མཛད་ལ
། །ཀུན་རྟོག་གི་
རི་མོ་དང་
རྨི་ལམ་ལ་ཡང་
། །རྙེད་པར་
དཀའ་བ་འདི་ནི་སྲིད་པ་
སྤྱི་ཡི་གཙུག་གི་
རྒྱན་དུ། །བསམ་བཞིན་དུ་བྱོན་པའི་
ཡིད་བཞིན་གྱི་ནོར་བུ། །རྣམ་པར
་དག་པའི་
སྙིང་པོ་འདིར་གུས་པས་
ཕྱག་བྱོས་ཤིག་པར་བཀའ་སྩལ་ཏོ
། །དེ་བཞིན་
བདེན་པའི་ནོར་ལྡན་ཚིག་རེ་ལ། །ཐར་པའི་འབྱོར་པ་ཕུན་སུམ་ཚོགས་པ་
འབུམ་ཕྲག་ཏུ་
འཁྱིལ་པ་དེ་ཉིད
། །རྣ་བར་དྲངས་པའི་ཡབ་དང་ཡུམ་གཉིས་ནི
། །དགའ་བའི་ནང་དུ་ཞུགས་གྱུར་ཏེ། །གཞོན་ནུ་ཚེས་གཅིག་ཟླ་བ་ནས། །དཀར་པོའི་ཕྱོགས་སུ་ལྷུངས་པ་དེའི། །དཀྱིལ་འཁོར་གང་བར་བརྩམ་པར་
བྱ་བ་ལ
། །ཡར་གྱི་ངོ་ཆེན་ཕྱར་བས་བཀུར་བར་བྱས་སོ
། །སྐབས་དེར་དགུན་གསུམ་སྲིན་མོ་ཁྲོས་པ་ཡི། །ཁ་རླངས་རླུང་དམར་གཡེངས་པའི་ནད་ཆེན་ལས། །ཐར་པ་དཔྱིད་ཀྱི་བུ་མོ་ཨུཏྤ་ལའི། །མིག་ཡངས་མ་དེ་ཀུན་དགའི་རྩེ་དགར་བྱུང༌། །རིན་ཆེན་འདབ་གསེར་གྱི་པདྨ་
བརྒྱའི་ཁམས་ཀྱིས་རྐང་པ་
དྲུག་པའི། །ཚོགས་ཀྱང་གསེར་དུ་སྣང་བ་རབ་ཏུ་
འབྱམས་པས། །རང་གི་འོད་དུ་རློམས་ལ་དྲེགས་པའི་སྒྲས། །གེ་སར་རྡུལ་རྙེད་འཐོར་བའི་བླ་རེ་བྲེས། །བུད་མེད་མཛེས་མའི་ཁའི་ཆང་གིས་བ་ཀུ་ལའི་མེ་ཏོག་ཁ་འབྱེད་པ་རྟོག་གེ་འབར་བ་ན་བཤད་པ་བཞིན་
འགྲམ་པའི་དབང་གི་ཆུ་བོའི་ཆང༌། །ནུབ་པ་མེད་པའི་རྒྱུན་གྱི་བ་ཀུ་ལའི། །མེ་ཏོག་གོལ་བའི་བྱེད་པ་དེ་མཐོང་