[A:༡༦༩]ནས། །ཉི་ཟླ་
གཉིས་ཕྱོགས་ལྷུང་གི་
རྩོད་པ་མེད་པའི་བགྱི་བ་དལ་བུར་འཁོར་བ་བཞིན་ནོ
། །གཞན་ལ་ཕན་པ་འདོད་པའི་མུ་ཏིག་གི །འཁྲི་ཤིང་དཔྱིད་ཀྱི་
དུས་སུ་མངོན་པར་མཐོ་བ་དང༌། །ངེས་པར་ལེགས་པའི་ཆོ་ག་བསྟར་མ་ཐག་ཏུ
། །ལང་ཚོ་མ་རྣམས་ང་རྒྱལ་གྱི་
སྡིག་པ་
ལས་བསྒྲལ་ཏེ་དུད་པའི་སེམས་དང་ལྡན་པར་གྱུར་ཏོ
། །མེ་ཏོག་
ཙམ་པ་ཀ་འདབ་རླུང་གིས་རྣམ་པར་
བསྐྱོད་པའི། །རྡུལ་མང་པོ་
ཁ་བ་རབ་ཏུ་འབར་འདྲ་བ
འི་ཆར་གྱིས
། །གོས་པའི་གཉིས་ཀྱི་
སྐྱེས་རྣམས་ནི་འཕུར་འདོད་ཀྱི་
ལུས། །ལྕི་བའི་གཤོག་རླབས་སྤྲུགས་པའི་སྒྲ་དག་ལ། །རི་དྭགས་གཞོན་ནུ་མ་རྣམས་སྐྲག་པའི་མིག །གཡོ་བའི་ཟེར་མ་ནགས་ཀྱི་རྒྱན་ཉིད་དུ། །སྐད་ཅིག་མཐའ་ཅན་མཛེས་པར་འགོད་བཞིན་དུ། །འཇིག་མེད་སེང་གེའི་བསམ་པ་གང་ལ་ཡང་འཇིགས་པ་མེད་ཅིང་ཚུལ་དེ་ལྟ་བུ་
བཞད་གད་ཀྱི་
གནས་སུ་རྒྱུག །ཙཱུའུ་ཏའི་ཤིང་གིས་ཐབས་ཤེས་
ཟུང་དུ་འཇུག་པ་ཡི། །མི་ཕྱེད་པའི་
ཕྱག་རྒྱ་མཆོག་གིས་བསླབ་པ་ལ། །ཡོངས་སུ་འདྲིས་པ་
དང་དེ་བཞིན་མཁས་པར་བྱས་པ་
ལས། །བྱུང་བའི་རིག་པས་བདེ་བ་ཆེན་པོ་ཟ་བ་སྟེ་ལོངས་སྤྱོད་པའོ
། །རྒྱ་ཆེན་གྲགས་པ་དཀར་དང་བསྔགས་འོས་ལྷན་ཅིག་སྐྱེས་པའི་སྙིང་རྗེ་ལ། །དགའ་བ་བཅུ་དྲུག་རྫོགས་པའི་རི་བོང་ཅན་ལྟར་ཉམས་སུ་བདེ་བའི་དུང༌། །ཆུང་ངུ་ཡྀས་ཀྱང་འཁོར་བའི་ཆུ་སྲིན་འཇིགས་པའི་དགྲ་བོ་
བཅོམ་པའི་རྒྱལ་ཐབས་
བརྟེན་པ་ཅན། །བཀྲ་ཤིས་གཏེར་གྱིས་འགྲོ་རྣམས་བསྲུང་བ་
ལ་ལེགས་པའི་སྒྲ་ཡི་འབྱུང་གནས་སོ། །འཇམ་དབྱངས་མིའི་སྲིད་པ་འཛིན་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བསྐལ་པ་བཟང་པོའི་ལེགས་ལམ་ལས། ལྷུམས་ཞུགས་དང་བལྟམས་པའི་སརྒ་དེ་གཉིས་པའོ།། །།གཞོན་ནུར་གྱུར་ཀྱང་བྱང་ཆུབ་
སེམས་དཔའ་ཆེན་པོ་ཡི། །ངོ་མཚར་གྱི་
སྤྱོད་པས་མཛེས་པ་རང་དང་
ལྷན་ཅིག་ཏུ་
སྐྱེས་པའི་
མཐུའི། །གྲགས་པ་དཀར་པོ་རིང་དུ་འཕྲོ་བ་དེ་
ཕྱོགས་ཀྱི་དཔལ་མོའི་
རྣ་རྒྱན་དུ་བཀོད་པ་
དང༌། །མཚུངས་པར་ཡོན་ཏན་ཐམས་ཅད་གསལ་བར་བྱེད་པ་
དམ་པའི་མེ་ལོང་འཛིན། །གཞན་དོན་ལ་འཇུག་པའི་
སྙིང་སྟོབས་ཤིན་ཏུ་
ཡངས་པའི་རྒྱ་མཚོ་ཆེ་ལས་ལེགས་པར་སྐྱེས་པའི་བུ། །རང་བཞིན་གྱིས་དཀར་ཞིང་