R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༧༠
[A:༡༧༠]འཕེལ་འགྲིབ་མེད་ཀྱང་ནག་ཕྱོགས་དྲི་མ་ཅན་གྱིས་མ་མཐོང་ཚེ། །བདུད་རྩིའི་ཟེར་དཀར་དབབ་
བའི་
སླད་
དུ་
ཆ་ཤས་གང་བར་བརྩམས་པ་ཐོག་མའི་ཟླ་བ་དེ། །ཚེས་པ་ཁོ་ནས་འཇིག་རྟེན་དུ་ནི་མཚུངས་
པ་
མེད་
པའི་
ལེགས་བྱས་
ཀྱི་འཇུག་པ་
དང་པོའི་ཕོ་ཉ་ཡིན་
ནོ
། །དེ་ལྟར་རྒྱལ་བའི་མྱུ་གུ་གཞོན་
ནུ
། །གསར་པ་
ལས་ཀྱང་
གསར་པའི་དཔལ་དེ་གང༌། །
ལང་ཚོ་
དར་བའི་ཐབས་ཚུལ་བྱེ་བ་བརྒྱའི། །སྒོར་ཞུགས་
ཏེ་
མ་མས་བསྐྱེད་བསྲེངས་
པའི་
ཚེ། །རིགས་མཆོག་ཀ་ལ་པིང་ཀ་ཡི། །ཕྲུ་གུ་སྒོ་ངའི་དུས་ཉིད་ནས། །མགྲིན་པའི་ལོངས་ལས་ག་མའི་ཀའི་
གླང་པོའི་ང་རོའི་རྒྱུད
། །རྒྱུད་ལྡན་སྟོང་གི་གླུ་
ལེན་པར་ནུས་པ་
ཇི་བཞིན་དུ། །སྔོན་
གྱི་
སྐྱེ་
བ་མང་པོ
འི་བག་ཆགས་
ཀྱི་ཚེ་
འདི་ལ་ངག་
སྨྲ་བའི
། །འཇིགས་པ་མེད་པའི་
མཐུ་དང་ལྡན་པའི་
ལེགས་སྦྱར་
གྱི་
སྐད། །སྤོབས་པར་
ཟིལ་གྱིས་མི་ནོན་པ་
སྨྲ་བའི་སྒྲ་
ལྕེའི་སྒྲ་སྐད་
དུ་མའི། །ཡི་གེ་
ངེས་པར་
རྟོགས་
པར་
དཀའ་
བ་རྣམས་རང་གྲོལ་དུ་
རྒྱུ་བ་དང༌། །དམ་པའི་རྩེ་དགའ་དགོད་
པ་དང་
འདྲ་བ
འི
། །སེན་མོའི་ཁ་རིས་
ཀྱི་
འོད་ཟེར་གྱིས། །བདུད་
ཀྱི་ཚོང་
ལ་མུན་པ་སྤྲོ་
བར་མི་འོས་པའི་རྒྱུའི་རྐྱེན་
བྱེད་པའི། །མཛུབ་རྩེ་དབྱངས་ཅན་པིར་དེ་ཡིས། །རྒྱ་གར་ཡི་གེའི་རིས་དུ་མའི། །ཨཱ་ལི་
དང་
ཀཱ་ལིའི་ཕྲེང་བ་ཡི། །དོ་ཤལ་ཚར་དུ་དངར་བ་ཞིག །ནོར་འཛིན་
གྱི་
དཔལ་མོའི་རྒྱན་དུ་བྲིས་
སོ
། །
དེའི་ཚེ་ཡུམ་གྱི་བསམ་པ་ལ་
བྱེད་པོ་
ཏེ་ཚངས་པ་
རྣ་བ་བརྒྱད་པས་ཀྱང༌། །ཐོས་
པ་
དང་ཤེས་
པར་
དཀའ་
ཞིང་གང་ཟག་
གཞན་
གྱི་
བློ་ཡི། །སྤྱོད་ཡུལ་ལས་འདས་འདི་ནི་ཅི་
ཞིག་ཡིན་སྙམ་དུ
། །སེམས་ཏེ་ཐེ་ཚོམ་འཕྱང་
མོ་ཡུག་ཏུ་གྱུར་
བཞིན་
དུ་
ཡུམ་
དེ་ཉིད
། །མངོན་པར་ཕྱོགས་ནས་དེ་ལྟ་བུའི། །ཚུལ་དེ་དམ་པ་རིགས་བརྒྱའི་བདག །
རྗེ་བཙུན་
གྲགས་པའི་རྒྱལ་མཚན་ལ་གསོལ་ཞིང༌། །སྤྱན་དྲངས་
ལ་
མདུན་ས་དེར་དེ་བསྟན་
ནོ
། །
གཞོན་ནུ་དེས་
མིང་
དང་
ཚིག་
གི་
གད་མོའི་ཅང་ཏེའུ། །ཡངས་པོར་འཁྲོལ་བའི་སྐྱེ་གནས་
ཀྱི་རྩ་བ་
ཅན། །
ཡི་གེ་
དབྱངས་
དང་
གསལ་
བྱེད་ཀྱི་
སྒྲ་ཡི་ཟློས་བུའི་གར་
ཀུན་གྱི་རྣ་བར་སྙན་པ
། །
ལྡབ་ལྡིབ་མེད་པར་སྒྲ་ཤིན་ཏུ་
དག་
པ་
ལྡན་
པར་
རྡོ་རྗེའི་ལྗགས་ཀྱིས་བསྒྱུར་
ཞིང་བཀླགས་པར་མཛད་ནས
། །ཡིག་འབྲུ་རེར་ཡང་ཆོས་རྣམས་ཀུན། །སྐྱེ་མེད་ལྷ་ཡི་ས་བོན་དུ། །སངས་རྒྱས་གསུངས་ལས་འཁྲུངས་པ་ཡི། །སྣང་བརྙན་མཆོག་ཏུ་གཟིགས་
ནས་