[A:༡༧༡]དེ་ལ། །བློ་མིག་ལྡོངས་རྣམས་རྐང་
པའི་
རྡུལ་གྱིས། །རེག་པའི་སྡིག་པ་རྗེས་སུ་
འབྲེལ་བར་
དོགས་ནས
། །དུས་གསུམ་གྱི་
ལས་འབྲས་གསལ་བའི་
མེ་ལོང་ཉིད། །འཛིན་པའི་བླང་དོར་ལ་མཁས་པའི་
དཔུང་པས་བསུབས་པར་མཛད་པ
། །དེ་དག་
གཟིགས་པའི་
མོད་ལ་རྡོ་རྗེ་འཛིན་པའི་གཙོར
། །གྲགས་པའི་རྒྱལ་མཚན་ཆེན་པོ་
ཐུབ་བསྟན་ཁང་བཟང་གི་
རྩེར། །མངོན་པར་མཐོ་བ
་དང་ངེས་པར་
མཛེས་དེ་ཉིད་ཐུགས་
སྤྲོ་བས་མགུུ་བར་གྱུར་ཏེ
། །ཡ་མཚན་དེ་ལྟ་བུའི་སྤྱོད་ཚུལ་
གྱིས་དྲངས་པས་
རིང་ཞིག་སྤྱན་མི་འཛུམས་སྟེ་གཡོ་བ་མེད་པར་གཟིགས་སོ
། །དེ་ནས་ཚེམས་ཕྲེང་འོད་ཟེར་ཐིག་པའི་རླབས། །རྣམ་པར་གཡོ་བས་མུན་པ་ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་རྒྱན་
བཀྲུ་བའི་ཆོས་སུ་གྱུར་པ་དེས
། །སྣང་བ་ཐམས་ཅད་དཀར་པོར་བསྒྱུར་བ་
བཞིན་དུུ་མཛད་ནས
། །སྲིད་པ་ངལ་གསོར་བྱེད་པའི་འདི་སྐད་
བཀའ་སྩལ་པ། །གཞོན་ནུ་འདི་ཡི་སྤྱོད་པའི་མཐའ་ཚོལ་བར། །ནམ་མཁའ་རང་གི་ལང་ཚོ་སྔོན་པོ་རུ། །སོང་སོང་
གི་བར་དུ་སྟོང་པའི་མཐར་འཁྱམས་ཡང༌། །རྙེད་པར་མ་གྱུར་པ་དེའི་
ཕྱིར་ན་སུ་ཡིས་ཚོལ་བར་
སྤོབས་ཏེ་མི་སྤོབས་སོ
། །ཆུ་སྲིན་འབྱུང་གནས་ཏེ་རྒྱ་མཚོའི་
ཆུ་ནི་ཁྱོར་བས་བཅུས་པས་ཟད་པ་
དང༌། །ས་འཛིན་དབང་པོ་སྟེ་རི་རབ་
ཆགས་པའི་ཕྲ་རབ་ཀྱི་
རྡུལ། །ཇི་ཙམ་ཡོད་པ་ཡང་
གྲངས་ཀྱི་
མཐའ་རྫོགས་པར་ཤིན་ཏུ་ནུས་སོ
། །དེས་ཀྱང་བྱང་ཆེན་སྤྱོད་པའི་ཚད་འདི་
མི་རྟོགས་པས
། །འོན་ཀྱང་གཞོན་ནུ་
དེ་ཡི་སྤྱོད་ཚུལ་བུ་རམ་ཤིང་གི །
རང་བཞིན་ཅན་དེའི་
མངར་བའི་ཡོན་ཏན་གྱི་
ཆ་ཤས་ཀྱི། །ཟེགས་མ་ཕྲ་མོ་རེ་
ལ་ཡང་མཆོག་གི་རོ་དང་
། །ལྡན་པའི་རྐང་འཐུང་ང་དེ་སེམས་ཀྱི་
སྐལ་བས་ཐོབ་པ་ཡིན་ནོ
། །འཁོར་བ་
ཐོག་མ་
མེད་པའི་
དུས་ནས་དཀར་བ་
དང་ནག་པ་ཡི། །ལས་རྣམས་བཟང་ངན་གྱི་
འབྲས་བུར་བརྩད་པའི་ཐེ་ཚོམ་ཆེན་པོ
། །འཆིང་བ་བརྒྱ་ཡིས་འབྲིད་ལ་དོན་དམ་པའི
་ངེས་པ་ཉིད། །སྟེར་བ་
ལ་ཤིན་ཏུ་
མཁས་པ་འདི་ནི་
དག་པའི་རྣམ་སྨིན་ཁོ་ན་ལས་
སྐྱེས་པ་ཡིན་ནོ
། །ཉི་མ་ཟླ་བས་ཉིན་མཚན་རེ་མོས་སུ། །ནོར་བུའི་སྒྲོན་མ་སྟོང་ཕྲག་སྦར་བྱས་ཏེ། །གླིང་བཞི་ལན་ཅིག་མིན་པར་ཉུལ་བ་ཡི། །མགྲོན་གྱི་ཕུལ་དུ་རྙེད་རབ་རྟོག་གི་རྒྱན་
པ་འདི་ཅིག་གྲང༌། །རྨོངས་པའི་མུན་འཕྲོག་འོད་དཀར་རྨ་མེད་པའི།