R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༧༢
[A:༡༧༢] །མུ་ཏིག་འགྲོ་བའི་རྒྱན་གྱི་མཆོག་འདི་ཉིད། །སྐྱེད་བྱེད་
ཏེ་དྲི་ཚོར་བ་ཙམ་གྱིས་གླང་པོ་ཕལ་པ་རྣམས་འབྲོས་པར་བྱེད་པ་གླང་པོ་ཆེའི་དབང་པོ་འགའ་ཞིག་གི་མགོ་བོའི་ཀླད་པའམ་མཆེ་བའི་ནང་ནས་གྷ་ཛ་མུ་ཏིག་གི་མཆོག་འབྱུང་བར་བཤད་པའི་
སྤོས་ཀྱི་གླང་པོ་དམ་མ་ཀྱེ། །ཕུལ་བྱུང་མཚར་བའི་ཡུལ་དུ་ཁྱོད་བསྔགས་སོ། །དེ་
ལྟ་བུའི་
ཚུལ་བརྗོད་
པ་
དང་ལྷན་ཅིག་
ཏུ་
ལྷ་ཡི་ལམ། །གང་བའི་ཨེ་མ་བདེ་འགྲོ་
མཐོ་རིས་ཀྱི་ལྷ་དང་
གདེངས་ཅན་དབང་
པོ་ཀླུ་དང་
། །མིའམ་ཅི
འི
་མགོན་
པོ་
ལ་སོགས
་དྲེགས་པ་ཅན་རྣམས་ཀྱང་
རང་རང་གི །རྫས་དང་མཐུན་པར་མཆོད་པའི་སྤྲིན་
དཔག་ཏུ་མེད་པ་
སྣ་འཛིངས་
པས་མཆོད་པར་བྱས་སོ
། །མཐར་ཕྱིན་དྲུག་གིས་མ་མས་བསྐྱེད་བསྲིངས་གཞོན་ནུའི་སྐུ་ཅན་ཀརྟི་ཀ །སྐྱེ་འགྲོའི་བསོད་ནམས་མཐའ་ནི་ཡངས་པའི་རྨ་བྱའི་དཔུང་རྩེར་འཛེགས་ཙམ་ནས། །འཁོར་བ་བསྲུབས་པའི་སྙིང་པོ་ལས་བྱུང་འཁྲུལ་པའི་རང་བཞིན་སྔོན་གྱི་ལྷའི། །སྲོག་འཕྲོག་གངས་རིའི་སྲས་མོས་བྱིན་པའི་ཤ་ཟའི་མདུང་གི་དཔལ་དེ་མཛེས་
གཞོན་ནུ་ཀརྟི་ཀ་ནི་དབང་ཕྱུག་དང་སྨིན་དྲུག་གི་བུ་ཡིན་ལ། དེས་ལྷའི་དམག་དཔོན་བྱས་ཏེ། ལྷ་མིན་དང་འཐབ་པའི་དུས་སུ་གངས་རིའི་སྲས་མོ་ཨུ་མ་ལ་ཤ་ཟའི་མདུང་ཐུང་བླངས་ནས་སྔོན་གྱི་ལྷ་ཞེས་པ་ལྷ་མིན་གྱི་དཔུང་ཚོགས་བཅོམ་ཞིང་ཕམ་པར་བྱས་སོ་ཞེས་རིག་བྱེད་ཀྱི་གཏམ་རྒྱུད་ལས་བཤད་པ་དང་སྦྱར་བའོ
། །འདི་ན་དྲེགས་མྱོས་རྒན་པོའི་བློས། །སྤྱོད་པའི་ཡུལ་གྱིས་དཔག་དཀའ་བ། །འཕགས་ཡུལ་
དང་
བོད་དང་བོད་
ཆུང་བ་མངའ་རིས་དབུས་གཙང་ཆེན་པོ་མདོ་ཁམས་ཞེས་
པོར། །གྲགས་པའི་ཡི་གེའི་རིག་བྱེད་
མང་པོ་
ལ། །སྔོན་
དུ་
གོམས་
པར་
གྱུར་ལས་སྐྱེ་བ་འདིར། །བསླབ་པའི་ཡུལ་ལས་འདས་ཉིད་ཀྱི། །ཆོས་རྣམས་ཐམས་ཅད་ཡི་གེ་ཡི། །མཐས་གང་རྫོགས་
པར་
བྱེད་
པ་
བཞིན་དུ་མཁྱེན་
ནོ
། །ཡི་གེ་འབྲུ་ལྡན་རེ་བརྗོད་པའི། །དབྱངས་གཅིག་ལ་ཡང་ཆོས་ཀྱི་སྒོ། །བརྒྱད་ཁྲིར་འཇུག་པའི་སྒྲ་སྙན་ནོ། །གདུལ་བྱའི་ཁམས་དང་དབང་པོར་འཚམས། །
གཞོན་ནུ་
གང་གི་སེམས་ནི་དྲི་མེད་པར། །བྱས་པའི་འགྲོ་བ་མཐའ་ཡས་པ། །ཐར་པའི་གཞལ་ཡས་ཁང་ནང་དུ། །འཇུག་པའི་གོམ་པ་འདོར་བས་བྲེལ། །དེ་ཉིད་ཕྱིར་ན་ལས་ཀུན་གྱི། །བྱེད་པོ་ཚངས་པ་ཆེན་པོ་ཡང༌། །རང་གི་ཤེས་བྱར་བཤུང་
བ་སྟེ་སྨད་
བཞིན་དུ། །ཨོཾ་ཡིག་
ཚངས་པ་ཨོཾ་ཡིག་གི་གཟུགས་སུ་བརྫུ་བའི་གནས་སྐབས