[A:༡༧༣]་ལ་རྣམ་པ་གཞན་དུ་བྱས་པས་རབ་རྟོག་གི་རྒྱན།
ཙམ་གྱི་ཟོལ་ལ་གནས། །རྩིས་ཀྱི་རིག་བྱེད་དང་པོ་ནས། །ཀུན་ཁྱབ་ལྷས་རྩེན་ནམ་མཁའི་
དགའ་མ་ཡི། །མིག་ཟུར་རིང་པོས་མཐོང་བ་ཞེས་ནམ་མཁའི་མཐའ་གཏུགས་པ
འི་རྡུལ། །ཕྲ་རབ་ལ་ཡང་
འཇུག་པའི་
གྲངས་མཐར་ཕྱིན། །རྩིས་ཆེན་དང་
ཐོར་ཚུགས་དང་
གོམ་པའི་སྟབས། །གླང་ཆེན་གཉར་བ་
ཞོན་པ་དང་
ལྕགས་ཀྱི་ཡིས། །མདུན་དུ་བསྒྱུར་བ་
དང་ཕྱིར་བསྒྱུར་ཞིང༌། །རལ་གྲིའི་འཁྲུལ་འཁོར་དང་
ཞགས་པས
་གདབ་པ་དང་
། །རྟ་རྒོད་རངས་སུ་མི་སྟེར་ཞིང་
འདུལ་བ་དང་
། །འཕོང་སྐྱེན་ནི་རྒྱང་རིང་དུ་ཕོག་པ། མི་འཆོར་བར་ཕོག་པ། ཚབས་ཆེ་བར་ཕོག་པ། གནད་དུ་ཕོག་པ། སྒྲ་གྲག་པར་ཕོག་པ་སྟེ
་ལྔ་སྣ་བྱང་བའི་མདའ་དང་
། །མཆོངས་པ་དང་
གྱད་ཀྱི་འཛིང་སྟངས་དང༌། །མགྱོགས་རྩལ་དྲག་པོས་ཆེ་བའི་བང་དང་
། །བགྲོད་པར་དཀའ་བའི་ཆུ་ཆེན་ལ། །ངང་པའི་རྒྱལ་པོའི་ཁེགས་པ་འཇོམས་པར་ནུས་པའི་རྒྱལ་དང༌། བརྒལ་བ་དང་
། །ཤིང་རྟ་གནམ་རུ་གཞུུ་ དང་
ཉག་ཕྲན་གྱི་མདའ་ལ་སོགས་པའི
། །བཟོ་དང་གཡུལ་
འགྱེད་པའི་སྟོབས་འཆང་བ་དང་
། །རྒྱུད་དང་པགས་པ་དང་
བུ་ག་ལས། །འོངས་པའི་སྒྲ་དང་སིལ་སྙན་གྱི་
སྐད། །རྣམ་པ་བཞི་ལས་གྱེས་པའི་
རོལ་མོའི་སྒྲ། །བཅོ་བརྒྱད་གྲངས་སུ་ངེས་པར་མཁས་སོ
། །དབྱངས་བདུན་ནི་བར་མ། དྲང་སྲོང༌། ས་འཛིན། དྲུག་ལྡན། ལྔ་བ། བློ་གསལ། འཁོར་ཉན་སོགས།
གྲངས་སུ་བགྲང་བ་ཡི། །ཚད་ཀྱིས་གཞལ་བྱ་ལས་འདས་པའི། །གླུ་དང་དབྱངས་ནི་ཐམས་ཅད་ཀྱི། །དཀྱིལ་འཁོར་ཡོངས་སུ་རྫོགས་པའི་བདག་ཉིད
། །འཇིག་རྟེན་ན་
བསྔགས་པར་འོས་པའི་དངོས་པོའི་ཚོགས་ཅི་མཆིས་པ་ཐམས་ཅད
། །ཡང་དག་པར་
འདུས་པའི་རང་གཟུགས་ཀྱི་
ཤེལ། །རྨད་དུ་
བྱུང་བ་དེ་ནི་ཡིད་བཞིན་
འདོད་དགུར་བསྒྱུར་བའི་ཁམས། །འཇིགས་མེད་གར་སྒེག་པ། དཔའ་བ། མི་སྡུག་པ། དྲག་ཤུལ། བཞད་གད། འཇིགས་སུ་རུང་བ། སྙིང་རྗེ། རྔམས་པ། ཞི་བ་རྣམས་ཏེ་གང་ལ་གང་འདུལ་དུ།
དགུའི་ཉམས་དང་ལྡན། །གཞན་ཡང་རིག་པའི་སྒོ་མཐའ་ཡས། །སྔོན་རབས་དང་
སྔོན་བྱུང་དང༌། མཆོད་སྦྱིན། སྲིད་སྲུང༌། ངེས་བརྗོད། སྙན་ཚིག་སྟེ།
རིག་བྱེད་བཞི། །མིག་འཕྲུལ་གྱི་
ཆོ་ག་དང་
རྨི་ལམ་གྱི་
དཔྱད་དང་
། །ལུང་བསྟན་དང་
ངེས་ཚིག་དང་
ང་རོ་བསྒྱུར་བ་དང་
། །སྐྱེས་པ་དང་
བུད་མེད་དང་
གླང་པོ་དང་
རྟའི། །མཚན་ཉིད་དང་
བྱ་དང་རི་དགས་ཀྱི། །སྐད་ལ་
སོགས་