[A:༡༧༤]རྟག་
པར་
བྱ་བ
འི་དངོས་པོ་
དེ་རྣམས་གང་ཡིན་པ་ཐམས་ཅད་ལ
། །མངོན་པར་ཤེས་པ་ཡང་དག་པར་
རྒྱུའོ
། །འཁྲུལ་པར་སྤྱོད་པའི་མཚང་བརྟོལ་བའི། །བཞད་གད་ཀུན་རྫོབ་བདེན་པའི་གཏམ། །བསྒྲགས་པ་ཙམ་གྱིས་ངོ་ཚ་ནས། །འགྲོ་བ་ཟག་མེད་དབྱིངས་སུ་ཡིབ་རབ་རྟོག་གི་རྒྱན
། །མདོར་ན་སྡིག་པའི་ཆོས་ཐམས་ཅད། །རྟུལ་ཕོད་འཇིག་རྟེན་ཁམས་ཀྱི་
ལྷ་དང་མིའི། །སྤྱོད་པའི་ཡུལ་ལས་ཁྱད་པར་དུ། །འཕགས་པའི་སྒྱུ་རྩལ་རྩེ་འཇོས་རབ་ཏུ་
བརྒྱན་པའོ
། །སྲིད་ཞི་ན་ཅི་མཆིས་པའི་
དངོས་པོའི་ངོ་བོ་མཐའ་དག་ཆད་དང་རང་བཞིན་དང་
བཅས་པ
། །མ་ལུས་པ་ནམ་མཁའི་འདམ་གྱིས་གཞལ་བྱ་མིན་པ་གང་ཡང་མེད་དོ
། །དེ་བཞིན་དུ་
ཤེས་བྱའི་ཐིག་ལས་དྲངས་པའི་ཆོས་ཀྱི་གནས་ཐམས་ཅད། །རྒྱལ་སྲས་རྣམས་ཀྱི་ལོངས་ལ་སྤྱོད་པའི་ཡུལ་དུ་ཆེ་བ་ཡིན་ཏེ། དེ་དག་གིས་མི་སློབ་པའམ་ལོངས་མི་སྤྱོད་པའི་གནས་ནི་གང་ལ་ཡང་མེད་དོ
། །འཇམ་དབྱངས་མིའི་སྲིད་པ་འཛིན་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བསྐལ་པ་བཟང་པོའི་ལེགས་ལམ་ལས། གཞོན་ནུ་རོལ་རྩེད་དུས་ཀྱི་ སརྒ་དེ་གསུམ་པའོ།། །།གདོད་ནས་སྤངས་པ་
དང་རྟོགས་པ་ཕུན་སུམ་ཚོགས་པར་
རྫོགས་ལ་ཁེངས་པར་འཛིན་པའི་མཚན་མ་མེད། །ཡང་ནི་ལེགས་པའི་ཡོན་ཏན་ཀུན་སྡུད་པའི་
སྤྱོད་ཚུལ་དམ་པ་ལ་ནི་
རྟག་ཏུ་དགའ། །ཆུ་གཏེར་ཆུ་ཡི་ཕུང་པོས་ཆེ་བར་
གང་བ་དེ་
རླབས་ཀྱི་ཀུ་ཅོ་ངང་གི་དལ། །ད་དུང་ཉལ་འགྲོ་ཡང་ཡེ་དེར་འབབ་ཅིང་
གཏིང་དཔག་དཀའ་བའི་མཚོ་འཇིངས་ཟབ་ཟླ་བོའི་དངོས་པོའི་དཔེ་རྒྱན
། །སེམས་ཅན་ཀུན་གྱི་བདེ་གཤེགས་སྙིང་པོའི་ནོར་བུ
། །འཁོར་བའི་རྒྱ་མཚོར་སྟོར་བ་དེ་ཚོལ་བའི་སླད་
དུ། །མགོན་པོ་ཟུར་ཕུད་ལྔ་པ་འཇམ་དབྱངས་
རང་ཉིད
་འོངས་པར་བྱས་པ་དེ་ནི
། །འགྲོ་བ་
འདིའི་བསོད་ནམས་ལག་པས་གཟུང་བ་གང༌། །འཕགས་པའི་
རིགས་ཀྱི་
ཐིག་ལེ་དེ་ནི་སློབ་པའི་
ལམ་ལས། །འདས་པའི་ཡེ་ཤེས་ཀྱི་
སློབ་དཔོན་གཅིག་པུ་པ། །དུག་གསུམ་གྱི་
དྲི་མ་གསུམ་བྲལ་མཁའ་ལ་མཁའ་ལས་རང༌། །གཞན་པའི་རེ་ཁ་འདི་ཞེས་ཇི་ལྟར་བྲི། །འོན་ཀྱང་
འགྲོ་བའི་དོན་ལ་དྲན་བཞིན་ཤེས་