R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༧༥
[A:༡༧༥]བཞིན་དུ། །སྐྱེ་བའི་
སྲིད་པ་བཟུང་སྟེ་
གྲིབ་བསིལ་རྟག་ཏུ་ཟློས་པའི་ཤིང༌། །མཆོག་གི་ལོངས་སྤྱོད་གྲོགས་དག་གསར་པའི་དཔྱིད་
ཀྱི
། །དཔལ་མོའི་རོལ་སྒེག་འཛུམ་ལ་རྣམ་པར་སྤྲོ། །མ་རིག་པ་ཡི་རྩ་བ་སྦོམ་པོ་ནི། །མཆོད་པ་སྣ་ཚོགས་ལས་ཀྱི་ཡལ་ག་ཅན། །གཅོད་པར་བྱེད་ལ་རྣོ་བའི་མཚོན་ཆ་མཆོག །ཐོས་བསམ་སྒོམ་པས་བརྡར་བའི་སྟ་རེ་རྩུབ། །དེ་ཡང་དང་པོར་དགེ་བ་ཐོས་པའི་རྒྱུན། །
ཀུན་རྫོབ་དོན་དམ་གྱི་
བདེན་གཉིས་སོ་སོར་སྟོན་པ་རྣ་བར་ཉལ། །དེ་ལས་གང་གི་རྗེས་
སུ་
འབྲེལ་
བའི་
ཆོས་མ་ལུས། །རྨི་ལམ་
གྱི་
ཕྲེང་
བ་དང་
འགྲོགས་
པ་བཞིན་
རྟེན་མེད་
སྟོང་པ་ཉིད་ཀྱི་
རི་མོར་གཟིགས། །རྒྱལ་རྣམས་མགུར་གྱི་བུམ་
པ་
བཟང་
པོ་
ཅིག་ཅར་དུ། །སྡེབས་པ་དྲང་
དོན་
དང་ངེས་པའི་
དོན་གྱི་
ལམ་ཡངས་པོ། །
དམ་པའི་བཞེད་སྲོལ་གྱི་
ཤིང་རྟ་ཆེན་པོ་རྣམས་ཀྱིས་ཕྱེ་བའི་བཅུད་
ཐམས་ཅད
། །རྣམ་དཔྱོད་
ཀྱི་
སྙིམ་པས་བླངས་
པར་མཛད་
པ་འདི་སྐད་ཐོས་
ཏེ
། །
དེ་ཡང་
ལེགས་པར་བྱས་པའི་ཞིང་
ས་ལས་
འཁྲུངས་པའི། །
གཞོན་ནུ་དེའི་ཁྱད་པར་ནི་
རྒྱལ་བའི་མྱུ་གུ་ཐོག་མར་ཡང༌། །འབྲས་བུ་ཐོས་པའི་གཡུར་ཟ་བ། །འཛིན་
པ་
ལ་
ཤིན་ཏུ་
རིངས་པ་ཉིད་དུ་གྱུར་
ཏེ
། །མཁའ་དབྱིངས་ཆོས་
ཐམས་ཅད་
ཀྱི་འབྱུང་བ
འི་གནས་ཤེས་རབ་ཀྱི་བདག་ཉིད་
དང༌། །རྡོ་རྗེ་ཟླ་བ་
ཐབས་ཀྱི་བདག་ཉིད་དབྱེར་མེད་
གཅིག་
ཏུ་
སྦྱོར་བས། །བྱང་ཆེན་སྐྱེ་བའི་རབས་སྤེལ་བ་
ལ་ཡོངས་སུ་མཁས་པ
། །ཡབ་གཅིག་དཔལ་ཆེན་འོད་པོ་དེས། །
ཡང་དག་པའི་
སྙིང་པོ་མཆོག་གི་དཀྱིལ་འཁོར་
གྱི་
མགོན་
པོ
། །དགེས་པ་རྡོ་རྗེ་ལྷ་དགུ་པ། །རྣལ་འབྱོར་དབང་ཕྱུག་བི་རཱུ་པས། །གསལ་བར་བཤད་པ་ཟབ་མོའི་ལམ། །མི་ནུབ་དབང་གི་ཆུ་བོ་དང༌། །བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱི། །ཡན་ལག་དྲུག་པའི་ཆོ་ག་དང༌། །རབ་ཏུ་གནས་དང་སྦྱིན་སྲེག་ཚུལ། །སུམ་ཅུ་རྩ་བདུན་མཁའ་འགྲོ་མའི། །དྲ་བ་སྡོམ་པའི་འཁོར་ལོའི་དབང༌། །སློབ་དཔོན་ཆེན་པོ་ལོ་ཡི་པ། །དེ་བཞིན་དྲིལ་བུ་པ་ཡི་སྲོལ། །བླ་མ་བསྟེན་ཐབས་ལྔ་བཅུ་པ། །རྩ་བའི་ལྟུང་བ་བཅུ་བཞིའི་སྡོམ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །རྣམ་པར་