R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༧༦
[A:༡༧༦]གཞག་པ་ཉི་ཤུ་པ། །འཇམ་དབྱངས་འཇིག་རྟེན་དབང་ཕྱུག་དང༌། །གསང་བའི་བདག་པོ་མི་གཡོ་བ། །ཕྱག་རྡོར་མདོ་ལུགས་བརྟག་པའི་སྐོར། །འཇིགས་བརྒྱད་ལས་སྒྲོལ་རྒྱལ་བའི་ཡུམ། །རྣམ་པར་རྒྱལ་མ་འོད་ཟེར་ཅན། །རྡོ་རྗེ་རྣམ་པར་འཇོམས་སོགས་ཀྱི། །བྱིན་རླབས་རྒྱུན་དང་གསོ་བ་རིག །གཞུང་དང་མན་ངག་བཅས་ཏེ་སྩལ། །རྡོ་རྗེ་ནམ་མཁའི་དཀྱིལ་གྱི་སྙིང་
དང་
ལྡན་པའི། །སྟོབས་སུ་ཁྱེར་པའི་ཡེ་ཤེས་
ཀྱི་
རོས་བདའ་བ། །གསང་ཆེན་རྡོ་རྗེ་ཐེག་པའི་ཤིང་རྟ་མཁན་
པོ
། །རྗེ་བཙུན་གྲགས་པ་རྒྱལ་མཚན་ལ་བཏུད་དེ། །སྤང་བྱའི་དགྲ་
བོ་རྣམས་
མངོན་
པར་
བཅོམ་
ཟིན་
ཡང་
གདུལ་བྱ་རྣམས་ཁ་དྲང་བའི་ཕྱིར་དུ་
རྣམ་པ་འདིར། །བདེ་བར་གཤེགས་པའི་བསྟན་
པ་
ལ་རབ་ཏུ་འབྱུང་
བར་དགོངས་ཏེ
། །སྡིག་པའི་རྩ་བཞི་ཉེ་
ར་བཅད་
དེ་
དགེ་བསྙེན་
གྱི་
རྟེན་
ཅན་བསྒྲུབ་པར་མཛད་ནས
། །ཀུན་དགའ་རྒྱལ་མཚན་ཞེས་པར་མཚན་དུ་བཏགས་
སོ
། །དཔལ་ལྡན་རྒྱུད་ཀྱི་སྒོ་ཆེན་
བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་བླ་མེད་དང་
བཞི་
པོ
། །དེ་ལས་འོངས་པའི་སྨིན་བྱེད་དབང༌། །རིགས་གཏད་རྗེས་སུ་གནང་བ་སོགས། །མ་འདྲེས་ཡོངས་སུ་ལེགས་གསན་ནས། །ལེགས་ལྡན་
འདོད་ཆགས་ཅན་
དབང་ཕྱུག་ཆེན་པོ་ཡི། །རིང་ལུགས་སྙིང་ལ་དམ་གཟུང་སྟེ། །འདོད་
པ་ལ་ཆགས་
པའི་བདེ་བ་ཐར་པའི་ལམ། །དམ་པའི་དོན་དུ་སྨྲ་བ་དང༌། །
ཕོ་མོའི་
དབང་པོ་གཉིས་
ཀྱི་
སྦྱོར་
བ་
ཁོ་ན་ཡི། །བདེ་བས་
ཏེ་དབང་པོ་གཉིས་སྦྱོར་གྱིས་ཚིམ་པའི་ཆགས་པ་དང་ལྡན་
ཚིམ་པའི་གདུལ་བྱ་
རྣམས་
ལ། །ལེགས་
པར་
གསུང་
པ་རང་རིག་པའི་དག་པ། ལྷ་སོ་སོའི་དག་པ། དེ་ཁོ་ན་ཉིད་ཀྱི་དག་པ་སྟེ།
དག་པ་གསུམ་གྱི་དངོས། །
རིགས་ལྔ་ཧེ་རུ་ཀའི་རིགས་ཏེ་
རིགས་ཆེན་དྲུག་གི་ངེས་པ་ཅན། །ཐབས་དང་དེ་བཞིན་ཤེས་རབ་དང༌། །ཟུང་དུ་འཇུག་པ་རྒྱུད་སྡེའི་དཔྱིད་
དུ་གྱུར་པ
། །རྣལ་འབྱོར་བླ་ན་མེད་པ་ཡི། །ཚུལ་ཆེན་ཐེག་པའི་སྙིང་པོ་གང༌། །རྩ་བ་བརྟག་པ་གཉིས་པའི་རྒྱུད། །ཐུན་མོང་
དང་
ཐུན་མོང་མ་ཡིན་པའི། །བཤད་པའི་རྒྱུད་ཆེན་སམྤུ་ཊ། །རྡོ་རྗེ་གུར་ཏེ་མན་ངག་སྲོལ། །ཕྱི་མ་ཕྱག་ཆེན་ཐིག་ལེ་དང༌། །ཕྱི་མའི་ཕྱི་མ་ཡེ་ཤེས་སྙིང༌། །ཡེ་ཤེས་