R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༧༧
[A:༡༧༧]ཐིག་ལེ་གྲུབ་པ་ནི། །ངེས་པར་བསྟན་པ་སྙིང་པོའི་རྒྱུད། །འབྲས་བུའི་རྒྱུད་གྱུར་དེ་ཁོ་ནའི། །སྒྲོན་མ་ཞེས་བྱའི་ཡན་ལག་བཅས། །རྙོག་མེད་ཨ་ར་ལི་ཡི་རྒྱུད། །དེབཞིན་རི་གི་ཨ་ར་ལི། །རྡོ་རྗེ་ཨ་ར་ལི་རྣམས་ཀྱང༌། །མན་ངག་དགོངས་འགྲེལ་དུ་མར་བཅས། །བརྟག་གཉིས་འགྲེལ་པ་ཀུ་མུ་
མི་ཐུབ་ཟླ་བས་མཛད་པ་
ཏི། །
ཡང་དེས་མཛད་པའི་
དཀྱིལ་ཆོག་བཟང་པོ་ཡོངས་གཟུང་དང༌། །ཡབ་དང་བདག་མེད་ལྷ་མོ་ཡི། །སྒྲུབ་ཐབས་གཏུམ་མོའི་འགྲེལ་ཆུང་སོགས། །གཙོ་
བོ་དང་
ཕལ་
པའི་
བསྟན་བཅོས་བཅུ་དགུ་དང༌། །
མཚོ་སྐྱེས་རྡོ་རྗེས་མཛད་པ་
ཌོམྦི་ལུགས་ཀྱི་བཤད་སྲོལ་དང༌། །རྩ་རྒྱུད་འགྲེལ་པ་པདྨོ་ཅན། །མཚོན་ཆ་ཅན་གྱི་སྒྲུབ་པའི་ཐབས། །དེ་བཞིན་དཀྱིལ་འཁོར་ཆོ་ག་སོགས། །སྡེ་ཚན་བདུན་ཏེ་
སློབ་དཔོན་
མཚོ་སྐྱེས་ལུགས། །སྲོལ་ཆེན་གཉིས་དེའི་དོན་འགྲེལ་བའི། །རྡོ་རྗེ་གུར་གྱི་བཤད་སྦྱར་དང༌། །རིགས་བསྡུས་མཁའ་འགྲོའི་སྒྲུབ་ཐབས་ཉིད། །རྩ་ཡི་མངོན་རྟོགས་ཆེ་ཆུང་སོགས། །འབྲེལ་པ་བརྒྱད་བཅས་སྦྱོར་བའི་ཕྲེང༌། །སྒྲུབ་ཐབས་དེ་ཉིད་གསལ་བ་སོགས། །ཆོས་ཕྲན་བཅོ་ལྔའི་བདག་ཉིད་དེ། །སློབ་དཔོན་དམ་ཚིག་རྡོ་རྗེའི་ལུགས། །ཇོ་བོ་ནཱ་རོ་ཏ་པ་ཡིས། །ལྷོ་བྲག་མར་པ་ལ་གདམས་པའི། །རྡོ་རྗེ་གུར་དང་དེ་བཞིན་དུ། །བརྟག་པ་གཉིས་པའི་བཤད་སྲོལ་དང༌། །ཁྱད་པར་རྒྱུད་སྡེའི་སྙིང་པོ་སྲིད་དང་ཞི་བའི་མཐའ་ལ་མི་གནས་རྡོ་རྗེའི་ཚིག་ལ་ཉལ་བའི་ཆོས། །རྒྱུ་དང་ལམ་དང་དྲུག་པ་འབྲས་བུའི་སྨིན་བྱེད་དབང་གི་ཆུ་བོ་ཆེ་གང་ནུབ་པ་མེད་པའི་རྒྱུན། །བརྒྱུད་པ་རིན་ཆེན་བར་མ་ཆད་པའི་བྱིན་རླབས་ཡངས་ལྡན་གདམས་པའི་གནད་ཀྱི་སརྒ་ཕྱིར་མ་ལོག །ལམ་མཆོག་རིན་ཆེན་འདི་ལ་མོས་པ་ཐོབ་ནས་གང་ཟག་གང་ཞིག་གཞན་གྱི་མན་ངག་གིས་མི་ཁུགས། །དེ་ཡང་དང་པོར་ཁ་སྦྱོར་ཡན་ལག་བདུན་
ཡོངས་རྫོགས་པ། ཁ་སྦྱོར། བདེ་བ་ཆེན་པོ། རང་བཞིན་མེད་པ། སྙིང་རྗེས་གང་བ། རྒྱུན་མི་ཆད་པ། འགོག་པ་མེད་པའི་ཡན་ལག་སྟེ་
དང༌། ལྡན་པའི་ཁྱབ་བདག་སྐུ་དེས་ལེགས་པར་གསུངས་པའི་བཀའ་ཚད་མ། །ཉན་པ་པོ་སྟེ་འཕགས་ཆེན་