R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༧༨
[A:༡༧༨]དག་དང་མཁས་དང་གྲུབ་པ་རྣམས་ཀྱི་དགོངས་དོན་འཁྲུལ་མེད་བསྟན་པའི་ཆོས་ཚད་མ། །དཀྱིལ་འཁོར་ཆེན་པོའི་འཁོར་ལོའི་མགོན་དང་དབྱེར་མེད་པ་ཡི་རྡོ་རྗེའི་སློབ་དཔོན་མཚན་ཉིད་ཀུན་དང་ལྡན་ཚད་མ། །རིག་པ་འཛིན་པའི་དབང་ཕྱུག་རྣམས་ཀྱི་ཐུན་མོང་མཆོག་གི་དངོས་པོ་ཐོབ་པ་འདི་ནི་ཉམས་མྱོང་ཚད་མའོ། །སྦྱང་གཞི་ཁྱད་པར་ལུས་མཆོག་རྩ་དང་ཡི་གེ་རྣམ་དཀར་དངས་མ་ཡེ་ཤེས་རླུང་གི་དཀྱིལ་འཁོར་ཆེ། །སྦྱོང་བྱེད་དབང་བཞི་དང་ནི་སྣང་དང་སྟོང་པ་ཟུང་འཇུག་ཆེན་པོའི་ངོ་བོ་ཉིད་སོགས་ལྟ་བ་བཞི། །འཁོར་དང་མྱ་ངན་འདས་པ་དབྱེར་མེད་ལ་སོགས་རྗེས་ཐོབ་གྲུབ་པའི་མཐའ་ཆེན་བཞི་ཡི་ངེས་པ་ཅན། །སྦྱངས་འབྲས་སྤྲུལ་པ་ལོངས་སྤྱོད་རྫོགས་དང་ཆོས་དང་བཞི་པ་ངོ་བོ་ཉིད་སྐུ་ཚེ་འདིར་སྦྱིན་པའི་ཐབས། །གསུང་ངག་ལམ་དང་འབྲས་བུར་བཅས། །རིང་བརྒྱུད་ལས་འོངས་གདམས་པའི་ཚོགས། །ཟབ་རྒྱས་དུ་མ་དང་ཉེ་བརྒྱུད། །ཆེས་ཟབ་ཤིན་ཏུ་ཉེ་བའི་བརྒྱུད། །བརྡ་ཡི་ཆོས་ཀུན་མཚོན་བྱེད་སོགས། །བརྗོད་བྱ་རྗོད་བྱེད་ཟབ་མོའི་གནད། །གཞན་དང་ཐུན་མོང་མ་ཡིན་པའི། །སྙན་ནས་བརྒྱུད་པ་དུ་མ་དང༌། །
རྟོག་རྩེ་བས་མཛད་པའི་
བསམ་མི་ཁྱབ་དང་མར་མེའི་རྩེ། །ཕྱག་རྒྱ་གཏུམ་མོས་ལམ་རྫོགས་པ། །རྩ་ཐིག་རླུང་གསུམ་ཡོན་པོ་སྲོང༌། །མཆོད་རྟེན་དྲུང་དུ་སེམས་ཐག་བཅད། །ཕྱག་རྒྱ་ཆེན་པོ་ཡི་གེ་མེད། །ལྷན་ཅིག་སྐྱེས་པར་གྲུབ་པ་དང༌། །གཞན་ཡང་ཕྲ་མོ་ཉི་ཤུ་ལྔ། །འཆི་མེད་གྲུབ་པའི་གདམས་པ་ཆེ། །མདོ་རྒྱུད་བསྲེ་དང་ལུས་འཁྲུགས་དང༌། །གདོན་དང་ཏིང་འཛིན་བར་ཆད་སེལ། །གཉུག་མ་དྲན་གསལ་སྡུག་བསྔལ་གསུམ་
འདུ་བྱེད་ཀྱི་སྡུག་བསྔལ་དང་
འགྱུར་བའི་སྡུག་བསྔལ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་རྣམས
། །སེལ་བར་བྱེད་པའི་ཆོས་ཚུལ་དང༌། །རྡོ་རྗེ་བླ་མ་སེང་གེ་སྒྲ། །བིརཱུ་པཀྵའི་ཚེ་སྒྲུབ་དང༌། །སློབ་མ་ཕལ་
ཆེ་བ་
ལ་མི་གནང་བའི། །ཟབ་མོའི་གསེར་ཆོས་བཅུ་གསུམ་དང༌། །གཉིས་མེད་ཀྱེ་ཡི་རྡོ་རྗེའི་ལུགས། །སོར་སྡུད་བསམ་གཏན་སྲོག་རྩོལ་དང༌། །འཛིན་པ་རྗེས་དྲན་ཏིང་འཛིན་ཁྲིད། །དུས་ཀྱི་འཁོར་ལོ་འགྲེལ་