[A:༡༧༩]པར་བཅས། །
བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ། རྣལ་འབྱོརཆེན་པོ་ལ་ཕ་རྒྱུད་མ་རྒྱུད། མའི་ཡང་མ་བླ་ན་མེད་པ་གསང་མཐའ་སྟེ།
སྒོ་དྲུག་རྒྱུད་ཀྱི་སྙིང་པོའི་ཕུལ། །འཁོར་ལོ་སྡོམ་པ་རྩ་བའི་རྒྱུད། །རྡོ་རྗེ་མཁའ་འགྲོ་མངོན་འབྱུང་དང༌། །ཀུན་སྤྱོད་རྣལ་འབྱོར་བཞི་ཁ་སྦྱོར། །ཕག་མོ་མངོན་པར་འབྱུང་བ་དང༌། །མཁའ་འགྲོ་རྒྱ་མཚོའི་རྒྱུད་ཆེན་པོ། །སྤྱོད་པའི་རྡོ་རྗེའི་ ཆོས་དྲུག་ཉིད། །གླེང་གཞི་ཞེས་བྱའི་སྒྲུབ་ཐབས་དང༌། །རྡོ་རྗེ་མཁའ་འགྲོའི་འགྲེལ་པ་ཆེ། །སློབ་དཔོན་ལཱུ་ཡི་པས་མཛད་པའི། །སྒྲུབ་ཐབས་ལ་སོགས་ཉི་ཤུར་བཅས། །ལ་ཝ་པ་ཡི་བཤད་སྦྱར་དང༌། །དྲིལ་བུ་སྐོར་གསུམ་གཞུང་མན་ངག །ཨིནྡྲ་བྷཱུ་ཏི་ནཱ་རོ་པ། །མཻ་ཏྲིའི་ལུགས་ཀྱི་མཁའ་སྤྱོད་མའི། །ཟབ་མོའི་གདམས་པ་མ་ཚང་མེད། །མཚན་བརྗོད་ལམ་འབྲས་ལྟར་བཀྲལ་བ། །སྙན་བརྒྱུད་ཁོ་ནར་ངེས་པ་དང༌། །མགོན་པོ་མངོན་པར་འབྱུང་བའི་རྒྱུད། །རྡོ་རྗེ་ཕུར་པ་ཡང་དག་སྐོར། །མ་རྒྱུད་གསེར་གྱི་ཆར་པ་དང༌། །བཅོམ་ལྡན་མ་ཧཱ་མཱ་ཡ་ཡི། །སྲོལ་དང་འཇམ་དཔལ་གསང་ལྡན་ཆེ། །ནཱ་རོའི་ཆོས་དྲུག་ལུགས་གསུམ་དང༌། །མཐའ་ངེས་དོན། དྲང་དོན་དགོངས་པ་དང༌། ལྡེམ་དགོངས། སྒྲ་ཇི་བཞིན་པ་དང༌། སྒྲ་ཇི་བཞིན་པ་མ་ཡིན་པ་སྟེ།
དྲུག་དང་སྤྱི་དོན། ཡི་གེའི་དོན། སྦས་དོན། མཐར་ཐུག་སྟེ།
ཚུལ་བཞིས་རྒྱས་བཏབ་པའི། །གསང་བ་འདུས་པ་རྩ་བའི་རྒྱུད། །ཕྱི་མར་བཅས་དང་ཀུན་ལས་བཏུས། །རིགས་བཞིའི་ལྷ་མོས་ཞུས་པ་དང༌། །རྡོ་རྗེའི་བཟླས་པ་རྣམ་དག་རིམ། །རང་བྱིན་བརླབ་དང་མངོན་བྱང་ཆུབ། །ཟུང་དུ་འཇུག་པའི་རིམ་པའི་གཞུང༌། །ཀླུ་སྒྲུབ་ཀྱིས་མཛད་པའི་
སྒྲུབ་ཐབས་མདོར་བྱས་མདོ་བསྲེ་དང༌། །སྒྲོན་མ་གསལ་བ་བདག་བྱིན་བརླབ། །སེམས་ཀྱི་སྒྲིབ་སྦྱོང་སྤྱོད་བསྡུས་དང༌། །རྣམ་གཞག་རིམ་པ་དཀྱིལ་འཁོར་གྱི། །ཆོ་ག་རྡོར་སེམས་སྒྲུབ་པའི་ཐབས། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་
འཕགས་པ་འཇམ་དཔལ་ཞལ་གྱི་ལུང༌། །རྫོགས་རིམ་གྲོལ་བའི་ཐིག་ལེ་ཆེ། །རྫོགས་རིམ་ཀུན་ཏུ་བཟང་པོ་སོགས། །ལུང་དང་འབྲེལ་བའི་ཆོས་རྣམས་དང༌། །རྒྱུད་འགྲེལ་གསང་བ་