[A:༡༨༠]འདུས་པའི་རྒྱན། །
སློབ་དཔོན་ཤཱནྟི་པས་མཛད་པའི་གསང་འདུས་བཤད་སྦྱར་
སྙིམ་པའི་མེ་ཏོག་ཆེ་ཆུང་དང༌། །སློབ་དཔོན་ཙི་ལུ་པས་མཛད་པའི་གསང་འདུས་
འགྲེལ་པ་རིན་ཆེན་ལྗོན་པའི་ཤིང༌། །ཛ་ཡ་ཐ་ག་ནས་མཛད་པ། །བཞི་བརྒྱ་ལྔ་བཅུ་རྩ་འགྲེལ་དང༌། །ཤཱནྟིས་མཛད་པའི་ཞལ་ལུང་འགྲེལ། །ཀུན་བཟང་འགྲེལ་ཆེན་རྣམ་གསུམ་དང༌། །སྨན་ཞབས་ཀྱིས་མཛད་འགྲེལ་པ་གསུམ། །སྒྲུབ་ཐབས་དངོས་གྲུབ་འབྱུང་བའི་གཏེར། །ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པའི་
མི་བསྐྱོད་རྡོ་རྗེའི་སྒྲུབ་ཐབས་དང༌། །གྲུབ་ཆེན་ཨ་ཝ་དྷཱུ་ཏཱི་པས། །མཛད་པའི་དཀྱིལ་འཁོར་ཆོ་གའི་རིམ། །ས་ར་ཧ་དང་བི་རཱུ་པ། །ནག་པོ་སྤྱོད་པ་ཏིལླི་པ། །མཻ་ཏྲི་ཐ་ག་པ་སོགས་ཀྱི། །རྡོ་རྗེའི་གླུ་སྒྲ་དོ་ཧ་དང༌། །གྲུབ་པ་ཆེན་པོ་སྡེ་བརྒྱད་པོ། །བདག་མེད་གསལ་བ་དབང་རབ་བྱེད། །ལྟ་བ་ངན་སེལ་རྩ་འགྲེལ་དང༌། །སྙིང་པོའི་སྐོར་ནི་ཉི་ཤུ་ལྔ། །དུས་ཀྱི་བདག་པོ་གཤིན་རྗེ་
མཐར་བྱེད་པའི། །དགྲ་གདོང་འཇིགས་གསུམ་རྒྱུད་མན་ངག །བྲམ་ཟེའི་སློབ་དཔོན་དཔལ་འཛིན་སྡེས། །ཕྱེ་བའི་འགྲེལ་པར་བཅས་པ་དང༌། །གཏི་མུག་ཅན་
ཚངས་དང་ཞེ་སྡང་ཅན་
ཁྱབ་འཇུག་འདོད་ཆགས་ཅན་
ནམ་མཁའི་སྐྲ་ཅན་ཏེ་དབང་ཕྱུག་
གྱི། །རྐང་སེན་ཟླ་རིས་སྤྱི་བོར་བླངས་པའི་མོད། །དུག་གསུམ་རྒྱ་མཚོར་འཕྱུར་བ་བྱང་གྲོལ་ཉིད། །ཐོབ་བྱེད་ཉེར་ལེན་རྒྱུ་རུ་ཁས་འཆེ་དང༌། །ལག་པའི་རེག་བཟུང་བདུད་རྩིས་མཛའ་པ་ཡིས། །མངོན་འདོད་གསར་པའི་གདུང་བ་འཕྲོག་ནུས་པ། །གང་ལ་ཞེས་པ་ལག་བཅང་གིས་ཚིམ་པའི་ཆགས་པའི་གཉེན་པོ་
གསུངས་པ་རིགས་མི་བསྐྱོད་པ་ལ་སོགས་པ་
ཆེན་རྣམ་པ་ལྔའི། །དབྱེ་བ་མི་ཕྱེད་ཕྱག་རྒྱས་བཅིངས་པ་ཅན། །གདོད་ནས་ལྷན་ཅིག་སྐྱེས་པའི་དམ་ཚིག་པར། །ཡེ་ཤེས་འཁོར་ལོ་འདུ་འབྲལ་མེད་མོད་ཀྱང༌། །རྣམ་པ་གཤེགས་དང་བཞུགས་པའི་ཆོ་ག་ཡིས། །ལེགས་ལམ་གཉིས་པའི་སྒོ་ཆེན་རྣལ་འབྱོར་རྒྱུད། །དེ་ཉིད་འདུས་པ་ཀུན་སྙིང་དང༌། །སངས་རྒྱས་གསང་བའི་འགྲེལ་པར་བཅས། །ཆ་མཐུན་དཔལ་མཆོག་དང་པོའི་རྒྱུད། །འགྲེལ་པ་སྟོང་ཕྲག་ཉེར་ ལྔ་ལྔར་པ། །