[A:༡༨༡]རྡོ་རྗེ་རྩེ་མོ་སྦྱོང་རྒྱུད་དང༌། །ཐམས་ཅད་གསང་བ་ཤཱནྟི་པའི། །འགྲེལ་བཅས་རྡོ་རྗེ་འབྱུང་བ་དང༌། །ཁམས་གསུམ་ལས་ནི་རྣམ་པར་རྒྱལ། །རྡོར་སེམས་འབྱུང་བ་ཆེ་ཆུང་དང༌། །གཙུག་དགུ་རབ་ཏུ་གནས་པའི་རྒྱུད། །ཀུན་དགའ་སྙིང་པོ་ལ་སོགས་པ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། །མཛད་པའི་མཚན་བརྗོད་འགྲེལ་པ་གཉིས། །དེ་བཞིན་སྒེག་པ་རྡོ་རྗེ་ཡིས། །བཤད་པའི་སྔགས་དོན་རྣམ་པར་གཟིགས། །འཇུག་པ་བཅུ་ཡི་གར་མཁན་ཁྱབ་མཇུག་གི །སྒྱུ་མའི་རི་མོ་སེམས་ལ་གསལ་ཆགས་པས། །མི་སྲུན་ཞེ་སྡང་འབར་བའི་ཚེར་མ་རྩུབ། །ཐར་པའི་ཐེམ་སྐས་འཇམ་པོར་འདོད་པ་དང༌། །ཕན་ཚུན་དགོད་པའི་འཛུམ་དཀར་གཅིག་གིས་ཀྱང༌། །འདོད་བདེའི་ཆོ་ག་ཡོངས་སུ་རྫོགས་
པར་
བྱེད་པར་ཏེ་དགོད་པས་ཚིམ་པའི་འདོད་ཆགས་ཀྱི་གཉེན་པར
། །སྩལ་བ་ཕྱི་ནང་ཏིང་འཛིན་ཆ་མཉམ་དུ། །སྤྱོད་པ་དེ་ནི་སྐུ་གསུང་ཐུགས་ཀྱི
་རིགས་ཀྱི་དབྱེ་བས་གསུམ། །བདག་ཉིད་ཡོངས་གྲུབ་ལྷ་དང་དེ་ལས་གཞན། །མདུན་བསྐྱེད་ཀུན་བརྟགས་ལྷ་སྐུ་རྟོག་པའི་བཟོར། །བཞེངས་པ་སྐལ་བར་མཉམ་པའི་མཛའ་ན་བོའི། །ཚུལ་གྱིས་དངོས་གྲུབ་ལེན་པ་སྤྱོད་པའི་རྒྱུད། །རྒྱལ་བ་རྣམ་པར་སྣང་མཛད་པ། །མངོན་པར་བྱང་ཆུབ་པ་ཡི་རྒྱུད། །ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །དེ་བཞིན་གསང་བ་ཆེན་པོའི་རྒྱུད། །མི་གཡོ་བ་ཡི་རྒྱུད་གཉིས་དང༌། །འཇམ་དཔལ་རྩ་བའི་རྒྱུད་ཆེན་པོ། །ཁྲོ་བོ་རྣམ་པར་རྒྱལ་སོགས་ཀྱི། །རྒྱུད་གསུམ་མན་ངག་དང་བཅས་པ། །འཇིག་རྟེན་གཙུག་ལག་ཡངས་པའི་མེས་བོ་ཉིད། །རྣམ་འདྲེན་སྟོན་པ་ཉིད་དུ་གཟུང་བྱས་ཏེ། །ལས་ཉོན་རྨོངས་པའི་འཐིབས་དུས་མནལ་བ་ཡང༌། །ལེགས་ལམ་དཀར་པོའི་ངོ་བོར་འདོད་པ་དང༌། །གང་གང་ལྟ་བྱེད་ཡུལ་ལ་སྣང་ཙམ་གྱིས། །མངོན་འདོད་ཉམས་སུ་མྱོང་བ་སྟེ་བལྟས་པས་ཚིམ་པའི་འདོད་ཆགས་དང་ལྡན་པ
འི་རིགས་ཅན་ལ། །ཡང་དག་འདོམས་པ་ལུས་དང་ངག་ཁོ་ནའི། །ཆོས་གཙོར་འཛིན་པའི་སྲོལ་དེ་སྒོ་ཆེན་དྲུག ནོར་བུའི་རིགས
།