R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༨༢
[A:༡༨༢]
ལྔས་རྩེན་གྱི་རིགས། །རྒྱས་པའི་རིགས་ཏེ་འཇིག་རྟེན་པའི་རིགས་གསུམ། རྡོ་རྗེའི་རིགས། རིན་ཆེན་གྱི་རིགས། པདྨའི་རིགས་ཏེ་འཇིག་རྟེན་ལས་འདས་པའི་རིགས་གསུམ་སྟེ། རིགས་ཀྱི་དབྱེ་བའི་
དྲུག །སྒྲུབ་པོའི་གང་ཟག་ཐ་མལ་གནས་བཞིན་དུ། །མདུན་དུ་རང་སྣང་ལྷག་པའི་ལྷ་དེ་ལས། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཉིད། །རྗེ་འབངས་ཚུལ་གྱིས་སྡུད་པ་བྱ་བའི་རྒྱུད། །བཅོམ་ལྡན་འཇམ་པའི་རྡོ་རྗེ་ཡི། །རྩ་རྒྱུད་དཔའ་བོ་ཚིག་སྒྲུབ་དང༌། །དམོད་བཙུགས་དོན་ཡོད་ཞགས་པའི་རྒྱུད། །བཅུ་གཅིག་ཞལ་གྱི་གཟུངས་ཆེན་དང༌། །རྟོགས་པ་བརྒྱ་པ་ཟ་མ་ཏོག །ལེགས་གྲུབ་དཔུང་བཟང་རྣམ་འཇོམས་དང༌། །ཁང་བུ་བརྩེགས་པ་མི་ཕམ་པ། །སྟོབས་པོ་ཆེ་དང་ཀླུའི་རྟོགས་པ། །རིག་པ་སྔགས་ཀྱི་ལྷ་མོའི་གཟུངས། །དྲི་མེད་རྣམ་རྒྱལ་གདུགས་དཀར་ཅན། །ལ་སོགས་གཟུངས་ཀྱི་དབྱེ་བ་ནི། །བཞི་བཅུ་རྩ་དགུའི་གྲངས་ལྡན་པ། །དེ་ནས་ཐུན་མོང་རྒྱུད་ཆེན་པོ། །གསང་བ་སྤྱི་རྒྱུད་ཚེ་དཔག་མེད། །བསམ་གཏན་ཕྱི་མ་གསེར་འོད་སོགས། །བདུན་གྱིས་ལྷག་པའི་བཅུ་ཕྲག་བཞི། །ལག་ན་རྡོ་རྗེའི་གཟུངས་སྒྲུབ་ཐབས། །མི་གཡོ་བ་ཡི་རྟོགས་པ་ཆེ། །རྡོ་རྗེ་གདན་པའི་ཆོས་དྲུག་དང༌། །སྒྲུབ་ཐབས་བརྒྱ་རྩ་བྱ་བའི་རིམ། །གཞན་ཡང་ལྷན་སྐྱེས་སྒེག་པ་དང༌། །ཌོམྦི་པ་ཡིས་ཕྱེ་བའི་སྲོལ། །འདོད་འཇོའི་མ་མ་བཅོམ་ལྡན་མ། །རིགས་བྱེད་དབང་མོ་ལུགས་གཉིས་དང༌། །འདོད་པའི་རྒྱལ་པོའི་སྒྲུབ་ཚུལ་གཉིས། །ཕྱི་ནང་གསང་བ་སྦགས་སྒྲུབ་བཅས། །ཚོགས་ཀྱི་བདག་པོ་ཕྱག་བཅུ་གཉིས། །ཕྱག་དྲུག་ཕྱག་བཞི་ཕྱག་གཉིས་སོགས། །གཞན་ལ་མེད་པའི་ཁྱད་ཆོས་ཆེ། །ཐུན་མོང་སྒྲུབ་པས་འབད་མེད་དུ། །མཆོག་གི་དངོས་གྲུབ་གྲགས་ཆེན་ཡང༌། །སྟེར་བྱེད་དམར་པོ་སྐོར་གསུམ་དང༌། །དཔལ་མོ་གསེར་གྱི་སྙིང་ཐག་ཅན། །ལྷ་མོ་ཏི་ནུ་ནོར་རྒྱུན་མ། །གང་དེ་གཉན་གྱི་ལོ་ཙཱ་བའི། །ཁྱད་ཆོས་དབང་གི་ལྷ་གསུམ་དང༌། །ག་ཡ་དྷ་རའི་ཛམྦྷ་ལ། །དམར་པོ་དང་ནི་ནོར་རྒྱུན་མ། །གཞན་མི་ཐུབ་དང་གནོད་སྦྱིན་གྱི། །སྡེ་དཔོན་རྣམ་