R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༨༣
[A:༡༨༣]ཐོས་སྲས་ཀྱིས་བསྐོར། །དེ་ནས་མདོ་དང་མདོའི་རྗེས་འབྲེལ། །ཕལ་ཆེན་འདུས་པ་རིན་ཆེན་ཏོག །གྲ་ལྔ་གསེར་འོད་ལ་སོགས་དང༌། །སྡུད་པ་ཤེས་ཕྱིར་ཉེར་ལྔ་པ། །ཀླུ་སྒྲུབ་ཀྱིས་མཛད་སེམས་འགྲེལ་དང༌། །རྒྱལ་པོར་སྤྲིངས་པ་རིན་ཆེན་ཕྲེང༌། །རྟེན་འབྲེལ་གཞུང་དང་བཤེས་སྤྲིང་དང༌། །བསྟོད་ཚོགས་མདོ་རྣམས་ཀུན་ལས་བཏུས། །དབུ་མ་འཇུག་པ་ཕུང་པོ་ལྔའི། །རབ་བྱེད་སྨྲ་
པཎྜི་ཏ་སྨྲྀ་ཏིས་མཛད་པའི་སྒོ་མཚོན་ཆ་དང༌། །སློབ་དཔོན་དཔའ་བོས་མཛད་པའི་
སྐྱེས་རབས་ཕྲེང་བ་སོ་བཞི་པ། །སྤྱོད་འཇུག་བསླབ་པ་ཀུན་ལས་བཏུས། །ཙནྡྲ་གོ་མིའི་སློབ་སྤྲིང་དང༌། །
སློབ་དཔོན་གསང་བས་བྱིན་གྱིས་མཛད་པ་
གཞོན་ནུ་
མ་
བདུན་གྱི་རྟོགས་པ་བརྗོད། །བྱང་ཆུབ་སེམས་དཔའི་ལམ་གྱི་རིམ། །བསྟོད་པའི་རྣམ་གྲངས་དུ་མར་བཅས། །
སློབ་དཔོན་རྟ་དབྱངས་ཀྱི་མཛད་པའི་
གསོ་དཔྱད་ཡན་ལག་བརྒྱད་པ་དང༌། །དེ་ཡི་རྒྱས་འགྲེལ་
ཁ་ཆེ་ཟླ་བ་ལ་དགའ་བས་མཛད་པ་
ཟླ་བའི་ཟེར། །སྨན་གྱི་མདོ་ལྔ་དཔྱད་གཞུང་སོགས། །གསོ་བ་རིག་པའི་གནད་མ་ལུས། །བསྟན་པ་རིན་ཆེན་དེ་སྐྱོང་བྱེད། །
མཁའ་འགྲོ་མ་
རྡོ་རྗེ་གུར་གྱི་སྲུང་མ་ཆེ། །ག་ཡ་དྷ་ར་ལས་བརྒྱུད་པའི། །ལྷ་ལྔ་དཔའ་བོ་གཅིག་པ་དང༌། །བ་རི་ལོ་ཙཱའི་མགོན་རྐྱང་དང༌། །ཞུ་ཆེན་གྱི་ནི་ལོ་ཙཱ་བ། །རིན་ཆེན་བཟང་པོ་ནས་བརྒྱུད་པའི། །རྐྱང་སྒྲུབ་ལྕམ་དྲལ་སྦགས་ཏེ་སྒྲུབ། །དེ་ཡི་དབང་དང་རྗེས་གནང་དང༌། །ཆོ་གའི་རིམ་པ་དུ་མ་ཕྲག །ཕྱི་དང་ནང་དང་གསང་བ་ཡི། །མན་ངག་ཟབ་མོའི་གནད་མཐའ་དག །ཏ་ཐཱ་ག་ཏ་རཀྵི་ཏ། །འབུམ་ཕྲག་གསུམ་པ་རི་སུལ་གྱི། །རྣལ་འབྱོར་མ་ལས་ཉེར་བརྒྱུད་པའི། །གཉན་མགོན་གདོང་བཞིའི་ཆོས་སྐོར་དང༌། །ནག་པོ་ཆེན་པོ་བྱ་རོག་གདོང༌། །དཀར་མོ་ཉི་ཟླའི་ཕྲེང་བ་ཅན། །བདུད་རྒྱལ་དུད་ཁྲོད་བདག་པོ་སོགས། །ཆོས་སྲུང་ཆེན་པོའི་སྐོར་རྣམས་གསན། །དེ་ལྟར་རང་ལོའི་མནྡཱ་ར་བ་གཞོན་ནུ་ཡལ་འདབ་བཅོ་ལྔའི་དུས་ཉིད་ན། །འཁོན་རིགས་མཁས་དང་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་ལེགས་པར་བཤད་