R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༨༤
[A:༡༨༤]པའི་མེ་ཏོག་དཀར། །ཏིང་འཛིན་སྔགས་དང་ཕྱག་རྒྱས་སྨིན་པའི་མཆོག་གི་འབྲས་བུ་སྟུག་པོས་ཡོངས་དུད་པ། །ཕན་དང་བདེ་བའི་གྲིབ་མའི་དུམ་བུ་རེ་ཡང་སྲིད་པ་གསུམ་གྱི་ངལ་གསོར་གྱུར། །བཅུ་དགུའི་ལོ་ལོན་ཚེ་ན་དགེ་བའི་བཤེས། །མང་དུ་ཐོས་པ་འཛིན་རྗེ་ཞུ་སྟོན་ཞེས། །གྲགས་པ་དེ་ལས་དོན་དུ་གཉེར་བྱའི་ཆོས། །རྣ་བའི་རྒྱན་དམ་པར་ནི་འདི་སྐད་མཛའ། །ཐེག་པ་ཆེན་པོ་རྒྱུད་བླ་མ། །མངོན་པར་རྟོགས་དང་མདོ་སྡེའི་རྒྱན། །དབུས་མཐའ་རྣམ་པར་འབྱེད་དང་ཆོས། །ཆོས་ཉིད་རྣམ་འབྱེད་འགྲེལ་པར་བཅས། །
སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་
དབུ་མ་རྩ་བའིཤེས་རབ་དང༌། །
ཡང་དེས་མཛད་པའི་
རིགས་པ་དྲུག་ཅུ་
པ་དང་ཡང་དེ་ཉིད་ཀྱིས་མཛད་པའི་
སྟོང་པ་ཉིད། །ཚིགས་སུ་བཅད་པ་བདུན་ཅུ་པ་
དང་
། །
ཡང་དེས་མཛད་པའི་
ཞིབ་མོ་རྣམ་པར་འཐག་པ་དང༌། །
སློབ་དཔོན་ཕྱོགས་གླང་གིས་མཛད་པའི་
ཚད་མའི་བསྟན་བཅོས་ཀུན་ལས་བཏུས། །བསླབ་བཏུས་འགྲེལ་པར་བཅས་པ་དང༌། །བདེན་པ་གཉིས་དང་དབུ་མ་རྒྱན། །དེ་ལས་འཕྲོས་པ་དུ་མ་ཐོབ། །དེ་ནས་བཅུ་ཕྲག་གཉིས་ཀྱི་ལོར། །འཆད་རྩོད་རྩོམ་པས་ཐུབ་པའི་བསྟན། །གཟུགས་ཅན་བཞིན་དུ་གསོ་བ་ཡི། །གཞོན་ནུ་མི་ཡི་སེང་གེ་ལས། །དཔལ་ལྡན་ཆོས་ཀྱི་གྲགས་པའི་གཞུང༌། །གསུང་རབ་ཀུན་ལ་བལྟ་བའི་མིག །དངོས་སྟོབས་རིགས་པས་ཕྱིར་རྒོལ་གྱི། །ལྟ་ངན་འཇོམས་པའི་ཚིག་དོན་དང༌། །རྟག་ཆད་མཚན་མ་སྤྲོས་པའི་མིང༌། །མཐའ་གཉིས་བྲལ་བ་ཀླུ་སྒྲུབ་ཀྱི། །ལུགས་བཟང་རིན་ཆེན་ཤིང་རྟ་ཆེ། །རང་སྟོང་སྟོན་པ་རིགས་པའི་ཚོགས། །འཇིགས་བྲལ་ཟླ་བ་གྲགས་པ་ཡིས། །བཤད་པའི་འགྲེལ་ཆེན་ཚིག་གསལ་དང༌། །རྟོག་གེའི་འཁྲུལ་འཇོམས་ཐོ་བ་སོགས། །ངོ་མཚར་ཡིད་ལ་རི་མོར་བྲིས། །མུ་ཏིག་འདོད་ཆགས་གངས་ཀྱི་རིའི། །ཕྲེང་ལྡན་ནོར་འཛིན་ཡངས་
ཉང་སྨད་པར་གཙང་གི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་བརྩིགས་
པ་རྒྱན། །གོང་དང་བླ་ན་མེད་པ་ཡི། །བཀྲ་ཤིས་གཙུག་ལག་ཁང་ཆེན་པོར། །བསྐལ་བཟང་འདི་ལ་