[A:༡༨༦]ཡིད་སྲུབ་ཀྱི། །དཔུང་པས་བསྲུང་བའི་ཡུལ་གྱིས་ཤིན་ཏུ་
ཕུལ་བྱུང་གི་རྒྱན་
དབུལ། །སངས་རྒྱས་ཀུན་གྱི་བསྟན་པ་ཡི། །གནས་ཚད་ས་སྐྱ་པཎྜི་ཏ་
གང་གིས་ཁུར་ཁྱེར་བ། །ལྗིད་མ་ཚོར་དེ་ད་དུང་ཡང༌། །ཆོས་ཚུལ་རྒྱ་མཚོའི་ཕ་རོལ་འགྲོ། །བརྡ་སྤྲོད་སྙིང་པོ་བསྡུ་བ་དང༌། །སློབ་དཔོན་ཕྱོགས་གླང་གིས་མཛད་པའི་
ཚད་མ་ཀུན་ལས་བཏུས་པའི་མདོ། །དེ་དོན་འགྲེལ་བྱེད་སྡེ་བདུན་གཞུང༌། །སློབ་དཔོན་ཤེས་རབ་འབྱུང་གནས་སྤས་པས་མཛད་པའི་
རྒྱན་འགྲེལ་སྟོང་ཕྲག་བཅོ་བརྒྱད་པ། །ལྷ་ཡི་དབང་པོའི་བློ་གྲོས་དང༌། །ཆོས་མཆོག་པདྨའི་ངང་ཚུལ་གྱི། །རྣམ་པར་དཔྱོད་པས་ཕྱེ་བ་དང༌། །སྐད་ཅིག་ཆེ་ཆུང་གཞན་སེལ་དང༌། །མངོན་སུམ་བརྟག་པ་དེ་ལས་གཞན། །ཕྱི་དང་ནང་དང་ཐུན་མོང་གི །གྲུབ་པའི་མཐའ་ལ་གྲགས་པ་ཡི། །རྟོག་གེའི་གསང་ཚིག་དུ་མ་དང༌། །འདུལ་བའི་རྩ་བ་སོ་སོར་ཐར། །འོད་ལྡན་དེ་བཞིན་ལོ་དྲི་བ། །ཚིགས་སུ་བཅད་པ་ལྔ་བཅུ་དང༌། །དེ་ལས་མཆེད་པ་རྣམ་མང་པོ། །སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། འདུས་མ་བྱས་རྟག་པའི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཀྱི་གཞི་སྟེ་ཤེས་བྱ་
གཞི་ལྔ་སྟོན་བྱེད་མངོན་པ་མཛོད། །རང་འགྲེལ་བཅས་དང་དེའི་འགྲེལ་བཤད། །བློ་བརྟན་གྲགས་པའི་བཤེས་གཉེན་སོགས། །ཚད་ལྡན་མཁས་པས་མཛད་པའི་སྲོལ། །ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན། །དེ་ཡི་དགོངས་སློབ་དཔོན་སེང་གེ་བཟང་པོས་མཛད་པའི་
འགྲེལ་དོན་གསལ་བ། །ཉི་ཤུ་པ་དང་སུམ་ཅུ་པའི། །རབ་ཏུ་བྱེད་པ་འགྲེལ་པར་བཅས། །བརྒྱད་སྟོང་དོན་བསྡུས་དང་འགྲེལ་པ། །རྣམ་བཤད་རིགས་པ་ཕུང་པོ་ལྔའི། །རབ་བྱེད་རང་བཞིན་གྲུབ་པ་དང༌། །ཤེར་ཕྱིན་བདུན་བརྒྱ་འགྲེལ་པར་བཅས། །ཕྱི་དང་ནང་དང་དེ་བཞིན་གཞན། །གཅིག་སྦྱོར་དུས་ཀྱི་འཁོར་ལོའི་རྒྱུད། །རིགས་ལྡན་པདྨ་དཀར་པོས་མཛད་པའི་
རྒྱས་འགྲེལ་དྲི་མ་མེད་པའི་འོད། །དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ཀྱི་
དབང་གི་བྱ་བ་མདོར་བསྟན་པ། །སྒྲུབ་ཐབས་དཀྱིལ་འཁོར་ལས་རིམ་དང༌། །ཡང་པད་དཀར་གྱིས་མཛད་པའི་
དོན་དམ་བསྙེན་པ་རྡོ་རྗེ་ཡི། །རྣལ་འབྱོར་