R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༨༧
[A:༡༨༧]ཡན་ལག་དྲུག་པའི་ཁྲིད། །ཁྱད་པར་སྲོག་རྩོལ་ཟབ་མོའི་གནད། །གསང་བ་འདུས་པ་ཀླུ་སྒྲུབ་ལུགས། །རིམ་ལྔ་འགྲེལ་ཆེན་སྒྲོན་གསལ་དང༌། །དཀྱིལ་འཁོར་ཆོ་ག་ཉི་ཤུ་པ། །དེ་ཡི་རྗེས་འབྲེལ་ཆོས་ཇི་སྙེད། །ཞལ་ལུང་སྒྲུབ་ཐབས་ཀུན་ཏུ་བཟང༌། །མཚན་བརྗོད་དུས་ཀྱི་འཁོར་ལོ་ཆེར། །བཀྲལ་བའི་ལུགས་དང་དབུ་མ་ལ། །དགའ་བས་མཛད་པའི་འགྲེལ་བཤད་ལུགས། །བརྟག་གཉིས་རྡོ་རྗེ་སྙིང་འགྲེལ་དང༌། །བདེ་མཆོག་རྩ་རྒྱུད་གསང་བ་པའི། །བདག་པོའི་འགྲེལ་པ་གསལ་བ་དང༌། །ལཱུ་ཡི་པ་དང་དྲིལ་བུའི་སྐོར། །རྣམ་སྣང་མངོན་པར་བྱང་ཆུབ་རྒྱུད། །གུར་གྱི་མགོན་པོ་སྒྲུབ་པའི་ཐབས། །སྤུ་གྲི་སྐོར་གསུམ་ལ་སོགས་པ། །ཆོས་ཀྱི་རྒྱལ་སྲིད་རང་གིར་མཛད། །པཎ་ཆེན་དེ་ཡི་འཁོར་གྱི་པཎ་ཕྲུག་དགུའི། །ཡ་གྱལ་བརྡ་སྤྲོད་རིག་པའི་སྒྲ་བོ་ཆེས། །ལོག་སྨྲ་ཚར་གཅོད་བལ་ཡུལ་པཎྜི་ཏ། །སངྒྷ་ཤྲཱིར་བཏུད་དེ་བསྟན་པའི་ཆོས། །
སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་
ཚད་མ་རྣམ་འགྲེལ་དང་རྩོད་རིགས། །ཞི་ བ་འཚོ་ཡི་འགྲེལ་པར་བཅས། །ཆོས་མཆོག་གིས་མཛད་འགྲེལ་བཤད་སོགས། །རྟོག་གེའི་གཙུག་ལག་གྲངས་མང་པོ། །སྒྲ་རིག་ཕྱི་མོ་ཀརྟི་ཀའི་
སྟེ་གཞོན་ནུ་གདོང་དྲུག་པ
ཀ་ལཱ་པའི་
གཞུང་དང་
སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་
ཙནྡྲ་པ་ཡི་མདོ། །རང་བཞིན་རྐྱེན་དང་རྣམ་འགྱུར་གྱི། །བྱིངས་དང་མིང་སོགས་སྒྲུབ་པའི་མདོ། །དབྱུག་པ་ཅན་གྱི་མེ་ལོང་དང༌། །སྣང་བའི་ཉི་སོགས་ཆེན་པོ་གསུམ། །གཞོན་ནུ་འབྱུང་སོགས་ཆུང་ངུ་གསུམ། །དབྱངས་ཅན་གྱི་ནི་མགུལ་རྒྱན་དང༌། །ཡེ་ཤེས་མེ་ལོང་ལ་བསྔགས་པའི། །བྲྀཏྟ་མཱ་ལའི་སྡེབ་སྦྱོར་ཕྲེང༌། །
པཎྜི་ཏ་འཆི་མེད་སེང་གེས་མཛད་པའི་
མངོན་བརྗོད་
ཀྱི་བསྟན་བཅོས་
འཆི་བ་མེད་པའི་མཛོད། །དེ་ཡི་རྒྱས་འགྲེལ་འདོད་པ་འཇོ་
པཎྜི་ཏ་རབ་འབྱོར་ཟླ་བས་མཛད་པ་དང༌།
ཕ་རོལ་ཕྱིན་པའི་རྒྱན་གཞུང་དང༌། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ། །དུས་འཁོར་དབང་གི་བྱ་བ་སོགས། །བློ་ཆེན་དཔུང་པའི་ཁྲི་ལ་བླངས། །རྒྱ་གར་ནུབ་ཕྱོགས་ས་ཡི་ཐིག་ལེའི་