[A:༡༨༨]རྒྱན། །
རྟག་ཆད་ཀྱི་
མཐའ་གཉིས་ལས་གྲོལ་བ་མི་འགྱུར་བ་
གཡུང་དྲུང་གསེར་གྱི་རྫིང༌། །རིང་ལུགས་དེ་ལ་ཡོངས་སུ་
འདྲིས་པ་
ངང་པའི་བུ། །ལེགས་བཤད་
སྙན་པའི་སྒྲ་འབྱིན་སུ་ག་ཏ་ཤྲཱིར། །ཆོས་ཀྱི་གྲགས་པའི་གཞུང་ལུགས་ཀྱི། །རང་འགྲེལ་སྟོང་ཕྲག་ཕྱེད་བཞི་པ། །རྟོག་གེའི་སྐད་ཅེས་བྱ་བ་དང༌། །གཟེགས་ཟན་གྱིས་སྦྱར་ཚད་མའི་གཞུང༌། །པཎྜི་ཏ་སརྦ་ཝརྨས་མཛད་པའི་
ལུང་དུ་སྟོན་པ་ཀ་ལཱ་པ། །དེ་འགྲེལ་སྟོང་ཕྲག་དྲུག་པ་དང༌། །སུ་པའི་མཐའ་དང་ཏི་ངའི་མཐའ། །རབ་ཏུ་བྱེད་པ་དང་བཅས་པ། །དམར་སེར་གྱིས་བཤད་སྡེབ་སྦྱོར་གཞུང༌། །དེ་འགྲེལ་རྒྱལ་བའི་ལྷས་མཛད་དང༌། །རིན་ཆེན་འབྱུང་གནས་ཞི་བ་ཡིས། །མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང༌། །སྙན་ཚིག་རིག་བྱེད་ཆེན་པོ་གསུམ། །དེ་བཞིན་དབྱངས་ཅན་མགུལ་རྒྱན་དང༌། །དཔལ་འཛིན་སྡེས་མཛད་པའི་མངོན་བརྗོད་ཀྱི་བསྟན་བཅོས་
སྣ་ཚོགས་གསལ་བ་འཆི་མེད་མཛོད། །ཟློས་གར་གཟུགས་ཀྱི་སྙེ་ མ་དང༌། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། །གསང་བ་ནོར་བུའི་ཐིག་ལེ་དང༌། །རྡོ་རྗེ་ ས་འོག་གསང་བ་རྒྱན། །འདུས་པའི་མན་ངག་ལ་སོགས་ནོས། །བཟོད་དཀའ་གཤིན་རྗེའི་ཡང་གཤེད་དམར་བའི་སྐུ། །མཚན་མ་མེད་པའི་དངོས་པོ་གྲུབ་པ་ཅན། །འཕགས་ཡུལ་ཤར་ཕྱོགས་ས་ཡི་པཎྜི་ཏ། །མཁས་པ་དཱ་ན་ཤཱི་ལར་གྲགས་པ་ལ། །སྒྲ་རིག་དཀའ་བའི་གནད་རྣམས་དང༌། །འགྲེལ་པ་བརྟག་པར་རྩ་འགྲེལ་བཅས། །རྩོད་པའི་རིགས་པ་འགྲེལ་བཅས་དང༌། །ཚད་མའི་དཀའ་གནས་རབ་བྱེད་དང༌། །བྱིས་པ་འཇུག་པའི་རབ་དབྱེ་དང༌། །ལྷན་ཅིག་དམིགས་པ་ངེས་པ་དང༌། །གཞན་ཡང་ཛྙཱ་ན་ཤྲཱི་ཡིས། །མཛད་པའི་ཆོས་ཚུལ་ཕྲ་མོ་འགའ། །ཤར་ཕྱོགས་ནག་པོའི་བཤད་སྲོལ་གྱི། །བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད། །དམར་པོའི་དབང་དང་གྲོལ་བྱེད་ལམ། །འཁྲུལ་འཁོར་ཟབ་མོའི་གསང་ཚིག་བཅས། །རྟོགས་པ་ལས་བྱུང་རིགས་བྱེད་མ། །ལྷ་ལྔའི་དབང་དང་གདམས་པའི་ཚོགས། །གཏུམ་པོ་དཀར་