[A:༡༨༩]པོའི་མན་ངག་སོགས། །ཟབ་དོན་ཆོས་ཀྱི་བདུད་རྩི་བཞེས། །བོད་ཡུལ་མཁས་པའི་དབང་ཕྱུག་ཆེན་པོ་པ། །
གཞོན་ནུ་
སྨྲ་བའི་སེང་གེའི་སྒྲ་དབྱངས་བསྒྲགས་ཙམ་གྱིས། །ལོག་པར་ལྟ་བའི་རི་དྭགས་དྲུང་འབྱིན་པ། །ཀློག་པའི་སློབ་དཔོན་ཆེན་པོར་ངེས་གཟུང་སྟེ། །བོད་ཀྱི་རྒན་པོའི་ངག་སྒྲོས་ལས་བྱུང་བའི། །ཡོད་མེད་མཐའ་དང་བྲལ་བ་དབུ་མའི་ལམ། །རྟོག་གེའི་ལུས་བརྒྱད་སྟོན་པ་ཚད་མའི་གཞུང༌། །ངེས་དོན་བྱམས་པའི་ཆོས་ལྔ་ལ་སོགས་གསན། །རྒྱལ་སྲས་བྱང་ཆུབ་འོད་ལས་ཐོབ་པ་གང༌། །ཐེག་པ་ཆེན་པོའི་སེམས་བསྐྱེད་ཆོ་ག་དང༌། །བརྒྱད་སྟོང་རྩ་འགྲེལ་མངོན་པར་རྟོགས་པའི་རྒྱན། །འགྲེལ་པར་བཅས་དང་ཉི་ཁྲི་སྣང་བ་ཆེ། །གཞན་ཡང་མངོན་པ་ཀུན་ལས་བཏུས། །འགྲེལ་བཅས་བྱང་ཆུབ་ལམ་གྱི་སྒྲོན། །བདེན་གཉིས་ཆོས་ཆུང་བརྒྱ་རྩར་གྲགས། །བློ་སྦྱོང་གཞུང་དང་གདམས་པའི་ལུགས། །སྐབས་བརྒྱད་ཅིག་ཅར་སྒོམ་པ་དང༌། །རིམ་ལྔ་སྟན་ཐོག་གཅིག་མ་དང༌། །ཞི་བྱེད་སྤྱོད་ཡུལ་རིམ་པ་དང༌། །གསང་སྔགས་སྔ་འགྱུར་རྫོགས་ཆེན་དང༌། །སྒོ་སྐྱོང་ཆེན་པོ་ནཱ་རོ་པའི། །ཟབ་ལམ་སྙིང་པོའི་ཆོས་དྲུག་སོགས། །མདོར་ན་རྒྱལ་བས་གང་གསུངས་པའི། །མདོ་སྔགས་བསྟན་པའི་བདག་པོར་གྱུར། །མཁའ་ལ་མཁའ་གོས་དབྱར་གྱི་མ་མས་བྱིན་པའི་སྤྲིན་སྔོན་རོལ་པའི་ཐིག་ལེ་དེ་ཉིད་
གཙུག་ཕུད་རྨ་བྱ་
ཅན་ཉིད་ཀྱི། །མིག་གི་བགོས་སྐལ་ཙམ་དུ་ཟད་ཀྱི་ནམ་མཁའི་
རང་བཞིན་མཐའ་དག་གོས་པའི་ཕ་རོལ་གྱི་
མཐའ་མཐོང་བ་ག་ལ་ཞིག་སྟེ་མི་མཐོང་ངོ་
། །དེ་བཞིན་གང་གིས་མང་དུ་ཐོས་པའི་ཡོན་ཏན་ཕུང་པོས་མཐོ་བའི་གྲངས་མཐའ་འདི་ཡང་རང་ཉིད་ཀྱི། །བློ་ཡི་འཇུག་པའི་བགོས་སྐལ་ཙམ་དུ་ངེས་ཀྱི་མ་ལུས་བརྗོད་པའི་སྤོབས་པས་མིན་ནོ་སྟེ་བརྗོད་ཀྱི་མི་ལང་བ་ཡིན་
འགྲོ་བ་ཀྱེ། །འཇམ་དབྱངས་མིའི་སྲིད་པ་འཛིན་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བསྐལ་པ་བཟང་པོའི་ལེགས་ལམ་ལས། །རྒྱ་བོད་ཀྱི་