R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༩༣
[A:༡༩༣]མགྲིན་པའི་
མཐར་ཐུག་གི་
བར་
རྣམས་ནི
། །རེ་རེའི་དཔངས་སུ་ཞལ་གྱི་ཚད
་རེ་སྟེ་ཕྱེད་བཅས་སོར་བཅུ་གཉིས་སོ
། །མཛོད་སྤུའི་མཐའ་ནས་གཙུག་ཏོར་
གྱི་
རྩེ
འི་མཐར་ཐུག་པར
། །ཞལ་གང་
སྟེ་ཕྱེད་བཅས་སོར་བཅུ་གཉིས་ཀྱི་ཚད་དེ་ལ་
གདུགས་ཀྱི་ཕྲེང་བར་འགྱུར་
རོ
། །ཆར་ཁེབས་ཏོག་
ཇི་ལྟར་
སོགས་མངོན་པར་
བྱའོ་
མཛེས་
དེ་དག་ནི་རྒྱལ་བའི་བདག་པོའི་མཆོད་རྟེན་གྱི་རྣམ་པར་བཞག་པའོ
། །ཆོས་ཀྱི་སྐུ
འི་སྣང་
བརྙན་
ནི་
སྲིད་པ་ན། །སྡིག་པའི་སྲོག་འཕྲོག་དགེ་བ་ཡི། །སྨོན་ལམ་ཡངས་པའི་སྙིང་པོ་
ལས་
སྐྱེས་
པའི་ཕྱིར
། །མཆོད་རྟེན་
གྱི་
རང་བཞིན་ཡང་དག་བསྔགས་
པ་ཡིན་ནོ
། །
ས་པཎ་དེའི་
ཕྱག་གི་འདུ་བྱེད་གར་རྩེ་ལས། །འོངས་པའི་
བཀོད་པ་འཇིག་རྟེན་ན་
ངོ་མཚར་
བའི་
དཔེར་ལེན་
པའམ་བགྲང་བའི་
ཕྱིར། །འཇམ་དབྱངས་རང་མྱོང་རང་རྒྱུས་ནི། །
གཏན་ཚིགས་སུ་དེའི་
ཆེ་བའི་སྐུ་བརྙན་གཟི་
བྱིན་གྱི་
འོད་འབར་
། །
སྐུ་རྟེན་
གཞན་ལ་མེད་པའི་ཁྱད་ཆོས་བཞིས། །
ཁྱད་པར་དུ་
འཕགས་པ་
ནི་ཡུལ་དབུས་ཀྱི་ལྷའི་སྐྱེ་མཆེད་ཁ་ཆེའི་རུས་ཚུགས་རྒྱ་ནག་གི་གོས་ཁྱུད་བལ་པོའི་རྒྱན་སྤྲོད་རྣམས་ཚང་བ
འི་མཚན་ཉིད་ཀུན་
དང་
ལྡན་པ། །ས་སྟེངས་
འདི་ན་
སྙན་པའི་སེང་གེ་ཡིས། །བཏེགས་པའི་གདན་ས་
པ་ཆེན་པོ་དཔལ་ལྡན་ས་སྐྱ
འི་རྟེན་གྱི་གཙོ་
བོ
། །དེ་དང་དེ་བཞིན་
དུ་ཤངས་ཀྱི
་སྲེག་ཞིང་ན། །འཇམ་དཔལ་
གྱི་སྐུ་བརྙན་
པིར་གྱིས་བཀྲ་བ་
དེ་
ཡི། །ཡེ་ཤེས་སྤྱན་གྱིས་འཁོར་མོ་རུ། །གཟིགས་པའི་བདུད་རྩིས་ཀུན་ཡིད་གསོ་
བར་བྱེད་པ་ཡོད་དོ
། །གསང་གསུམ་རྟེན་གྱི་སྣང་བརྙན་ཙམ་
ཞིག །མཁྱེན་པའི་
ཤེས་བྱས་གཞལ་ལ་བྱ་དཀའ་ཅི། །
ས་པཎ་
འདི་ནི་བླ་
ན་
མེད་
པ་ཡང་དག་པར་
རྫོགས་པ་ཡི། །བྱང་ཆུབ་ཆེ
ན་པོ་སྟེ་སངས་རྒྱས་
དང་ཁྱད་
པར་
ཅི་ཡོད་
སྟེ་གཉིས་སུ་མེད་དོ
། །གཞན་ཡང་བརྟག་པ་རྣམ་བརྒྱད་དང༌། །དཀར་ནག་རྩིས་ཀྱི་སྲོལ་ཆེན་
པོ་
གཉིས་
ཀྱི
། །རིག་པའི་ཁྱད་པར་འདིས་སྲིད་པའི། མེས་པོ་
ཚངས་པ་
བཞིན་དུ་ཐམས་ཅད་ཤེས་
པ་དང་
། །
གཞན་ཡང་
རྟེན་ཅིང་འབྲེལ་པར་འབྱུང་བ་ཡི། །རྫས་དང་གསང་སྔགས་
ཀྱི་
རྒྱལ་པོའི་བཀའ་
དེ་དག་མི་སླུ་བར
། །བདེན་པའི་སྟོབས་སུ་དངོས་པོ་ཀུན། །གསེར་དུ་འགྱུར་བའི་རིག་པ་དང༌། །དེ་ལྟ་བུ་
ལ་
སོགས་
པ་རིག་པའི་
ཚུལ་འདི་ཡི། །ཕྱོགས་སུ་མཐུན་པའི་